མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ56ཇེ་ཆེར་སོང་བ།

    མཚོ་སྔོན་པོའི་དྲ་བ།    2012-05-02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་གིས་འཁོར་སྐར་རྒྱང་ཚོར་ཞིབ་དཔྱད་ཚད་ལེན་ལས་གསལ་བ་ལྟར་ན། མཚོ་སྔོན་པོ་སྟེང་གི་འཁྱགས་རོམ་ཞི་རྗེས་མཚོ་སྔོན་པོའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4351.50ཡོད་པ་དེ་ན་ནིང་གི་དུས་མཉམ་ལས་སྤྱི་ལེ་གྲུ་བཞི་མ56.06ཡིས་ཇེ་ཆེར་སོང་ཞིང་། དེ་ནི2005ལོ་ནས་བཟུང་མཚོ་སྔོན་པོའི་རྒྱ་ཁྱོན་བསྟུད་མར་ལོ7ལ་ཆེ་རུ་ཕྱིན་པ་རེད།

མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་གི་ཆེད་མཁས་པས་བཤད་རྒྱུར།ད་ལོར་མཚོ་སྔོན་པོའི་རྒྱ་ཁྱོན་ཇེ་ཆེར་སོང་བ་ལ་རྒྱུ་རྐྱེན་གཉིས་ཡོད་དེ། གཅིག་ནི་ན་ནིང་གི་དགུན་དུས་སུ་ཁ་བ་འབབ་ཚད་ཅུང་མང་བས་གནམ་གཤིས་ཇེ་དྲོད་སོང་བ་དང་བསྟུན་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་ཆུ་བོའི་འཁྱགས་རོམ་དང་ཁ་བ་ཞི་བ། གཉིས་ནི་མཚོ་སྔོན་པོར་འཁྱགས་རོམ་མ་ཆགས་པའི་སྔོན་དུ་དེའི་རྒྱ་ཁྱོན་ཉེ་བའི་ལོ་བདུན་ལས་མངོན་སུམ་གྱིས་ཆེ་བ།དེ་ནི་མཚོ་སྔོན་པོའི་རྒྱ་ཁྱོན་ཆེ་རུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་རེད།

མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་བྱང་ཤར་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆུའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཞིང་། དེས་ནུབ་རྒྱུད་ཀྱི་བྱེ་འགྱུར་ཤར་ཕྱོགས་སུ་མི་བསྐྱེད་པར་སྔོན་འགོག་བྱེད་ཐུབ་པར་མ་ཟད།ཡུལ་ཁོངས་ཀྱི་གནམ་གཤིས་སྙོམས་སྒྲིག་ལ་ཕན་ནུས་ཆེན་པོ་ལྡན་པས། མཚོ་སྔོན་པོའི་ཁོར་ཡུག་གི་ཁྱད་ཆོས་དང་འགྱུར་ལྡོག་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་མཚོན་ཐུབ་ཅིང་། ཚྭ་འདམ་གཤོང་ས་དང་། རྨ་འབྲི་རྫ་གསུམ། མདོ་ལ་རིང་མོ་སོགས་ཀྱི་ཡུལ་ཁོངས་ལ་ཡང་ཤུགས་རྐྱེན་ཐེབས་ངེས་པ་རེད།  །

  • ལེ་ཚན་སྔོན་མ།:ནན་ཁེའེ་སློབ་གྲྭ་ཆེན་མོས་སྐབས་དྲུག་པའི་བོད་ལྗོངས་རིག་གནས་དུས་ཆེན་གྱི་བྱ་འགུལ་སྤེལ་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས2012ལོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བཙུན་མའི་གསོ་སྦྱོང
  • དོ་སྣང་ཆེ་བའི་རྩོམ།