བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-05-02
འཁྲབ་ཁྲིད་པ་ཨ་ཧྲི་པུ་རད་ནུན་དང་འགུལ་རིས་རྩོམ་པ་པོ་ཀྲིན་ཅོན་གཉིས་
མཉམ་དུ་པར་སྐྱོན་པ།
《རྩེད་ཆས་སྐུལ་སློང2》ཡི་འཁྲབ་ཁྲིད་པ་ཨ་ཧྲི་པུ་རད་ནུན་གྱིས་འཁྲབ་ཁྲིད་བྱས་པ་དང་། ཀྲིན་ཅོན་གྱི་འགུལ་རིས《འབྲོག་ཁྱི་བོ་དེ》ཞེས་པ་འཁྲབ་གཞུང་དུ་བྱས་ནས་ཧོ་ལེ་ཝོའི་ཕུལ་དུ་བྱུང་བའི་རུ་ཁག་སྒྲིག་བཟོའི་ཁྲོད་ཞུགས་པའི3Dའགུལ་རིས་གློག་བརྙན་ཏེ《འབྲོག་ཁྱི་བོ་དེ》ཞེས་པ་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ཞུགས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན3Dའགུལ་རིས་གློག་བརྙན《འབྲོག་ཁྱི་བ་ོདེ》ཞེས་པ་ནི་དྲག་འགུལ་ཉེན་རྒོལ་གྱི3Dའགུལ་རིས་གློག་བརྙན་ཞིག་ཡིན་ཞིང་། བོད་ལྗོངས་ཀྱི་དགོན་སྡེ་རུ་ནར་སོན་པའི་འབྲོག་ཁྱི་བོ་དེ་ ཞེས་པས་དྲག་གཞས་ཕུགས་བསམ་འཚོལ་སྙེག་བྱེད་པའི་གཏམ་རྒྱུད་སྲོག་ཤིང་དུ་བཟུང་ནས་བརྗོད་ཡོད། འཁྲབ་ཁྲིད་པ་ཨ་ཧྲིས་གློག་བརྙན་འདིས་བོད་ཁམས་ཀྱི་འབྲོག་ཁྱི་བརྗོད་བྱར་བྱས་ཐོག ནུབ་ཕྱོགས་ཀྱི་དྲག་གཞས་ཟུང་དུ་སྦྲེལ་པ་ནི་བླ་ན་ལྷག་པའིི་གསར་བསྐྲུན་ཞིག་ཡིན་ཞེས་བཤད་པ་རེད།
《འབྲོག་ཁྱི་བོ་དེ》ཞེས་པའི་འགུལ་རིས་རྩོམ་པ་པོ་ཀྲིན་ཅོན་གྱིས་བཤད་རྒྱུར། ཁོང་གིས་ཀུང་ཟི་བཙུགས་པའི་དམིགས་ཡུལ་ནི་མ་འོངས་པར་འགུལ་རིས་གློག་བརྙན་ཐད་མ་དངུལ་བཏང་ནས་རྒྱུ་སྤུས་མཆོག་ཏུ་གྱུར་པའི་འགུལ་རིས་གློག་བརྙན་སྒྲིག་བཟོ་བྱེད་པ་དང་མཉམ་དུ། མུ་མཐུད་དུ《འབྲོག་ཁྱི་བོ་དེ》ཡི་ལེའུ་རྗེས་མ་རྩོམ་སྒྲིག་བྱས་ནས་རྒྱལ་སྤྱིའི་ཆུ་ཚད་མཐོ་ཤོས་དང་མཐུན་པའི་རང་རྒྱལ་གྱིས་བཟོས་པའི་འགུལ་རིས་གློག་བརྙན་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་བརྗོད་པ་རེད། སྔོན་དཔག་བྱས་པ་ལྟར་ན་གློག་བརྙན་འདི་སང་ལོའི་ལོ་མཇུག་ཏུ་ལྟ་མཁན་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10