བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-05-02
རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན།
ཟླ4བའི་ཚེས28ཉིན། འཛམ་གླིང་སྟེང་ཆེས་ཆེ་བའི་མ་ཎི་འཁོར་ལོ་སྟེ“རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན”ཞེས་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ལེགས་འགྲུབ་བྱུང་བར་མ་ཟད། ཅེ་ཉི་སི་འཛམ་གླིང་ཟིན་ཐོའི་དཔང་ཡིག་ཐོབ་པ་རེད།
ཁྲི་ཀ་རྫོང་རྨ་ཆུའི་ལྷོ་རྒྱུད་དུ་བཞེངས་པའི“རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན”ལ་སྒོར་ཁྲི3900བཏང་བ་དང་། 2011ལོ་ནས་བཞེངས་འགོ་བརྩམས་པ་རེད། མ་ཎི་འཁོར་ལོ་ཆེན་མོ་འདིའི་ཕྱིའི་གྲུབ་གཟུགས་ཀྱི་མཐོ་ཚད་ལ་སྨི42དང་། འཁོར་ལོའི་མཐོ་ཚད་ལ་སྨི26.285། མཐའ་བསྐོརི་རིང་ཚད་ལ་སྨི10.22། བཞུགས་སྟེགས་ཀྱི་མཐོ་ཚད་ལ་སྨི15བཅས་ཡོད། འཁོར་ལོ་ཆེན་པོ་འདི་རྒྱུ་ཟངས་ལས་གྲུབ་ཅིང་། དེའི་ངོས་སུ་སྤྱན་རས་གཟིགས་སོགས་ཆོས་ལུགས་ཀྱི་མཚོན་རིས་སྣ་ཚོགས་བཀོད་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10