2012-04-27
ཟླ4ཚེས22ཉིན།ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས“ཕུགས་བསམ”ཞེས་པའི་ཁ་བྱང་གཅིག་པའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་ཞིག་བདེ་ལེགས་ངང་སྤེལ་ཞིང་། གཙོ་འཛིན་པ་སློབ་གཙོ་སྙིང་ལྕགས་རྒྱལ་དང་སློབ་སྟོན་ཁང་གི་རྒན་བཀའ་འབུམ་རྒྱལ།རྒན་རྡོ་རྗེ་ལྷུན་གྲུབ་བཅས་ཀྱི་སྣེ་ཁྲིད་དང་བཀོད་སྒྲིག་འོག ཉེ་སྔོན༼གངས་རྒྱན་ན་ཆུང་ཚགས་པར༽སྟེང་དུ2012ལོར་བརྗོད་བྱ“བདག་གི་ཕུགས་བསམ”དང་རྩོམ་བྱང་རང་མོས་ཡིན་པའི་རྩོམ་ཡིག་འགྲན་སྡུར་ཞིག་སྤེལ་བ་ལ་གཞི་བཅོལ་ནས་དེ་དང་བརྗོད་བྱ་གཅིག་མཚུངས་ཡིན་པའི་དམིགས་ཡུལ་མངོན་གསལ་སྒོས་སློབ་ཆུང་ལོ་རིམ་ལྔ་བ་དང་དྲུག་པ།དམའ་འབྲིང་དང་པོ་གཉིས་པ།གསུམ་པ་བཅས་ལོ་རིམ་ལྔ་ཡི་སློབ་མ་ཡོངས་ལ་སྐུལ་སློང་བྱས་ཏེ་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ་ཞིག་གཟབ་རྒྱས་ངང་སྤེལ།
སློབ་གྲྭའི་དགེ་རྒན་དག་གི་ཁྲོད་ནས་རྩོམ་རིག་ལ་མོས་པ་དང་ཆུ་ཚད་ཅུང་མངའ་བའི་དཔྱད་འདེམ་པ་དགེ་རྒན་འབྲུག་ཐར་རྒྱལ་དང་གཟུངས་སྐྱབས་རྒྱལ།སྐལ་བཟང་བཀྲ་ཤིས་བཅས་གདན་ཞུ་བྱས་ཏེ་འགྲན་ཞུགས་རྩོམ་ཡིག་གི་རེ་འདུན་ལྟར་གཟབ་ནན་དང་དྲང་བཞག་གི་ལག་བསྟར་དངོས་ལ་བབས་ཏེ་ལོ་རིམ་སོ་སོ་ནས་ཨང་རིམ་དང་པོ་དང་གཉིས་པ་བཅས་ཁྱོན་བསྡོམས་སློབ་གྲོགས10ལ་བྱ་དགའི་གཟུགས་བཟོས་དངོས་པོ་དང་མཚན་སྙན་དཔང་ཡིག་གནང་སྟེ་འགྲན་རྩོམ་གྱི་བྱ་བ་ལེགས་པོ་ཞིག་འཁྱོངས།
སློབ་མའི་རྩོམ་རྩལ་ཐད་ལ་ཡར་སྐུལ་དང་སློབ་མ་རྣམས་རྩོམ་ཡིག་འབྲི་བར་དགའ་སྣང་སྐྱེད་རྒྱུ་སོགས་ཕན་འབྲས་མངོན་གསལ་ཐོབ་པར་དམིགས་ནས་ཆེད་དུ་འགྲན་སྡུར་འདི་ལྟ་བུ་ཞིག་བསྡུས་པ་ཡིན་ལ། ཕྱོགས་གཞན་ཞིག་ནས་བཤད་ནས་ཞིང་ཆེན་རིམ་པའི་བོད་ཡིག་ཚགས་པར༼གངས་རྒྱན་ན་ཆུང་ཚགས་པར༽སྟེང་དུ་རྩོམ་ཡིག་ཅིག་དགོད་པར་ཡང་དམིགས་ཚད་ངེས་ཅན་བཟུང་བ་ཡིན།འདི་ལྟ་བུའི་རྩོམ་ཡིག་འགྲན་བསྡུར་བྱས་པ་བརྒྱུད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང༌། ལྷན་སྐྱེས་ཀྱི་རང་བཞིན་ལྡན་པའི་ཀུན་སྤྱོད་གཙང་མ་ཡིས་མེས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་དགའ་ཞེན་མཚོན་པའི་སློབ་མ་ཚོའི་ཕུགས་བསམ་གང་མང་ཞིག་མངོན་འགྱུར་ཐུབ་པར་རེ་བས་ཁེངས་ཤིང༌། སྔར་ལས་ལྷག་པའི་འབྲས་བཟང་སྨིན་བཞིན་པ་ལ་དགའ་བསུ་ཐོབ་ཡོད་པ་མ་ཟད་སློབ་མའི་སློབ་སྦྱོང་གི་འཚོ་བའི་ལམ་སྣེ་ཇེ་རྒྱས་སུ་བཏང་བ་དང་།ཤེས་བྱ་ཡོན་ཏན་ལ་འཇུག་པར་ནུས་པ་བརྒྱ་འགྱུར་ཐོན་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10