ཁྲི་ཀའི་ཐང་ག་སྒྱུ་རྩལ་ཟབ་སྦྱོང་ལྟེ་གནས་དངོས་སུ་སྐྲུན་འགོ་བརྩམས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-10-22

ཁྲི་ཀའི་ཐང་ག་སྒྱུ་རྩལ་ཟབ་སྦྱོང་ལྟེ་གནས་དངོས་སུ་སྐྲུན་འགོ་བརྩམས་པ།
ཐང་གའི་ལྷ་རིས་པ་སྙིང་འབུམ་ལགས།

              ཟླ10བའི་ཚེས5ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་བོད་ཀྱི་རིག་གནས་གསར་སྤེལ་གླིང་གི་ཐང་གའི་སྒྱུ་རྩལ་ཟབ་སྦྱོང་ལྟེ་གནས་དེ་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས། ཁྲི་ཀ་རྫོང་བོད་ཀྱི་རིག་གནས་གསར་སྤེལ་གླིང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐང་གའི་སྒྱུ་རྩལ་བ་སྙིང་འབུམ་ལགས་ཀྱི་མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་པ་ཡིན་ཞིང་། རིམ་པ་དང་པོའི་ལས་གྲྭའི་འཆར་བཀོད་ཀྱི་སའི་རྒྱ་ཁྱོན་ལ་མུའུ40ཡས་མས་དང་། ཟབ་སྦྱོང་ཐོག་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3500ཡོད། དེ་ནི་ཁྲི་ཀ་རྫོང་དུ་མི་རིགས་རིག་གནས་ཀྱི་འགྲེམ་སྟོན་ལྟེ་བར་བཟུང་བའི་རིག་གནས་ཐོནལས་ལས་གཞི་ཐོག་མ་ཡིན་པ་རེད།
              ཟབ་སྦྱོང་ལྟེ་གནས་འདིས་བོད་ཀྱི་རིག་གནས་ཟབ་སྦྱོང་དང་དར་སྤེལ། རིག་གཞུང་ཞིབ་འཇུག  མི་རིགས་ཀྱི་དམངས་ཁྲོད་བཟོ་རྩལ་ཐོན་རྫས་སྒྲིག་བཟོ་དང་ཉོ་འཚོང་བྱེད་པ་གཙོར་བྱས་ཏེ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འགྲེམ་སྟོན་དང་གནས་སྐོར་གཉིས་ཟུང་དུ་སྦྲེལ་བར་བརྒྱུད་བོད་ཀྱི་རིག་གནས་ཐོན་ལས་ཀྱི་གོང་སྤེལ་ལ་སྐུལ་འདེད་བྱེད་པ་དང་མཉམ་དུ། ཁྲི་ཀའི་གནས་སྐོར་ལས་རིགས་ལ་ཁྱད་ཆོས་གསར་བ་ཞིག་བསྣན་པ་རེད། 

  • ལེ་ཚན་སྔོན་མ།:མཚོ་སྔོན་གྱིས་མ་མཐའི་འཚོ་བའི་འགན་སྲུང་སྲིད་ཇུས་སྣ་ཚོགས་འཐུས་ཚང་དུ་གཏོང་རྒྱུ་རེད།
  • ལེ་ཚན་རྗེས་མ།:འབྲོག་དམངས་ཀྱི་སྡོད་ཁང་གསར་པ།
  • དོ་སྣང་ཆེ་བའི་རྩོམ།