རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། མཚོ་སྔོན་གསར་འགྱུར་དྲ་བ། 2012-10-22
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས19ཉིན་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་དམངས་སྲིད་དང་འབྲེལ་བའི་སྲིད་ཇུས་སྣ་ཚོགས་གསར་བཟོ་དང་འཐུས་ཚང་དུ་བཏང་སྟེ། མུ་མཐུད་དུ་མཚོ་སྔོན་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་བར་ཤུགས་བསྣན་ནས། དངོས་གནས་དངོས་ཕན་རྒྱ་ཆེའི་མང་ཚོགས་ཁྲོད་བསྐྱལ་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྡུས་པའི་རྒྱལ་ཡོངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་བར་ཤུགས་སྣོན་དང་བསྒྱུར་བཅོས་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལ་གཞིགས་ཏེ། མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་གྱི་སྔར་ལས་ལྷག་པའི་སྒོ་ནས་ཤང་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》ལ་བཅོས་སྒྲིག་འཐུས་ཚང་དུ་བཏང་ཞིང་། སྡེ་ཁག་སོ་སོ་དང་མཉམ་དུ་དེ་དང་འཚམ་པའི《མཚོ་སྔོན་ཞིང་ཆེན་གྱི་ཤང་གྲོང་གི་ཡོང་འབབ་དམའ་བའི་ཁྱིམ་ཚང་ངོས་འཛིན་ལག་བསྟར་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱ་བའི་གྲུབ་འབྲས་དཔྱད་ཞིབ་བྱེད་ཐབས》། 《ཤང་གྲོང་སྡོད་དམངས་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་དཔྱད་ཞིབ་ལམ་ལུགས་སྐོར་གྱི་བསམ་འཆར》བཅས་ཡིག་ཆ་གསུམ་བཟོས་ཏེ། ཤུགས་ཆེན་པོས་ཚད་གཞི་ཚན་རིག་ཡིན་པ་དང་། ཁ་གཏད་ཡུལ་ཡང་དག་ཡིན་པ། འཚོ་སྐྱོང་བདེན་དྲང་ཡིན་པ། ཕྱིར་ཕུད་ནང་འདྲེན་ལ་གོ་རིམ་ལྡན་པའི་མ་མཐའི་འཚོ་བའི་འགན་སྲུང་བྱ་བའི་དོ་དམ་རྣམ་པ་གསར་འཛུགས་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10