མིག་དམར་རྒྱལ་པོ། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2012-10-22
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་གྲབས་ཡོད་པ་དང་བསྟུན་ནས། ས་གནས་ཁག་གི་མང་ཚོགས་ཀྱིས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། རྒྱས་འཛོམས་ལ་བསུ་བ་ཞུ་བཞིན་ཡོད་པ་རེད།
ཉེ་བའི་ཉིན་གཉིས་ནང་ས་གནས་ཁག་གི་རིག་རྩལ་ཚོགས་པ་གཅིག་རྗེས་གཉིས་མཐུད་ངང་གཞི་རིམ་དུ་བསྐྱོད་ནས། མང་ཚོགས་ལ་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱེད་བཞིན་ཡོད་པ་རེད། ཡུན་ནན་ཁེ་ཡོན་དུ་ཀྲུང་གོའི་གཞས་མ་གཏམ་མཐུན་ཚོགས་དང་ཡུན་ནན་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་ཆེད་གཞས་མ་གཏམ་གཞི་རིམ་དུ་འཁྲབ་པའི་བྱེད་སྒོ་སྤེལ་བས། ས་གནས་དེ་གའི་མང་ཚོགས་སྟོང་ཕྲག་འགའ་ཤས་ལྟད་མོ་བལྟ་བར་སླེབས་ཡོད་པ་རེད།
ཧུའུ་ནན་ཀྲུའུ་ཀྲའུ་ཡི་རིག་རྩལ་ཚོགས་པས་གྲོང་མི་རྣམས་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བའི་ཆེད་དོན་འཁྲབ་ཚན་ཀྲུང་གོའི་གླུ་སྒྲ་ཞེས་པའི་ནང་གི་གླུ་གཞས་བསྐྱར་དར་ཕྱོགས་སུ་བསྐྱོད་ཅེས་པ་དང་། ང་ཡན་ཨན་ལ་འགྲོ་ཞེས་པ་སོགས་ཀྱིས་ཏང་ལ་བསྟོད་ཅིང་། དུས་རབས་ཀྱི་དབྱངས་རྟ་གཙོ་བོ་བསྒྲགས་ཡོད་པ་རེད། ཧུའུ་པེའི་ཝུ་ཧན་གྱི་ཅིང་ཅུས་ཟློས་གར་ལ་དགའ་པོ་བྱེད་མཁན་རྣམས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ། ཀྲུང་ཧྭ་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞེས་པའི་གསར་རྩོམ་བྱས་པའི་ཅིང་ཅུས་ཟློས་གར་འཁྲབ་ཚན་གྱིས་ཏང་དང་མེས་རྒྱལ་ལ་བཀྲ་ཤིས་སྨོན་འདུན་ཞུས་ཡོད་པ་རེད།
ཨན་ཧུའེ་ཧེའི་ནན་དང་། ཧེ་ནན་ཅའོ་ཙོ། ཀྲེ་ཅང་བིང་ཧུའུ་སོགས་སུ། ནམ་རྒྱུན་ཞིང་ལས་བྱེད་ཅིང་དར་འབུ་གསོ་མཁན་ཞིང་པ་རྣམས་ནས་འཁྲབ་ཆས་སྤྲས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བའི་འཁྲབ་ཚན་ཞིག་རང་རྩོམ་རང་འཁྲབ་བྱས་ཡོད་པ་རེད།
ཅང་སུའུ་ཀྲེན་ཅང་ཧོ་ཤིང་མའོ་གྲོང་ཁུལ་དུ། ཤོག་བྲེག་ལ་དགའ་བའི་དབྱི་ཀུའེ་ལན་གྱིས་དུས་ཡུན་ཟླ་བ་གཅིག་བེད་སྤྱད་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བའི་ནང་དོན་མཚོན་པའི་ཤོག་བྲེག་བརྩམས་འབྲས་གྲོང་ཁུལ་དུ་འགྲེམས་སྟོན་བྱས་པ་དང་། སི་ཁྲོན་ཞིང་ཆེན་པེ་ཁྲོན་རྫོང་དུ་ཆང་རིགས་ཀྱི་འཚེམ་དྲུབ་ལག་ཤེས་པ་བཅོ་བརྒྱད་ཀྱིས་ཉིན་བརྒྱ་དང་བརྒྱད་བཅུ་སྤྱད་ནས་ཏང་དར་ཞིག་བཙེམས་ནས་ཏང་ལ་དགའ་བའི་བསམ་པ་མཚོན་པར་བྱས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10