བོད་ལྗོངས་དམུས་ལོང་སྒྱུ་རྩལ་ཚོགས་པ་ལྷ་སར་བཙུགས་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-10-19

ཉེ་སྔོན།  ཉི་ཆར་སྤྱི་ཕན་ཐེབས་རྩ་ཚོགས་པ་དང་། པེ་ཅིང་ཧན་ཧོང་བྱམས་བརྩེའི་ཐེབས་རྩ་ཚོགས་པ། བོད་ལྗོངས་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ཚོགས་པ་བཅས་མཉམ་འབྲེལ་སྒོས་སྤེལ་བའི“ཉི་ཆར། ཧན་ཧོང་བྱམས་བརྩེ། བོད་ལྗོངས་དམུས་ལོང་སྒྱུ་རྩལ་ཚོགས་པ”ཞེས་པ་ལྷ་ས་རུ་དངོས་སུ་བཙུགས་ཤིང་། འདི་ནི་རྒྱལ་ནང་དུ་བཙུགས་པའི་ཐོག་མའི་དམུས་ལོང་སྒྱུ་རྩལ་ཚོགས་པ་ཞིག་ཀྱང་ཡིན།
         མཛད་སྒོའི་སྟེང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་།  མིང་དུ་གྲགས་པའི་བོད་རིགས་གླུ་མ་ཧན་ཧོང་། བོད་རང་སྐྱོང་ལྗོངས་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ་དབང་ཆེན་དགེ་ལེགས། ཉི་ཆར་གྱི་ལས་འཛིན་པ་ཤུའུ་ཞིན་ཅན་བཅས་ཀྱིས“ཉི་ཆར། ཧན་ཧོང་བྱམས་སེམས། བོད་ལྗོངས་དམུས་ལོང་སྒྱུ་རྩལ་ཚོགས་པའི”སྒོ་བྱང་བཀལ་བ་དང་།  དམུས་ལོང་སྒྱུ་རྩལ་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཀྱང་བྱམས་བརྩེ་སྐྱོང་མཁན་རྣམས་ལ《ཁྱེད་ནི་ང་ཡི་མིག་ཟུང་ཡིན》ཞེས་པ་དང་། 《ཡང་བསྐྱར་སླེབས་པར་དགའ་བསུ་ཞུ》སོགས་གླུ་གཞས་ཕུལ། བྱིས་པ་རྣམས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བར་ཉི་ཆར་སྤྱི་ཕན་ཐེབས་རྩ་ཚོགས་པས་བོད་ལྗོངས་དམུས་ལོང་སློབ་གྲྭའི་བྱིས་པ་རྣམས་ལ་དམུས་ལོང་ཡི་གེ་གཏག་ཆས40གནང་བ་རེད།
         རྒྱུས་ལོན་པ་ལྟར་ན། ཉི་ཆར་སྤྱི་ཕན་ཐེབས་རྩ་ཚོགས་པས་བོད་ལྗོངས་དམུས་ལོང་དང་ལས་འབྲེལ་བྱུང་བ་ནས་བཟུང་།  བོད་ལྗོངས་དམུས་ལོང་སློབ་གྲྭའི་དགེ་སློབ་རྣམས་ལ་འཚོ་བའི་མཁོ་ཆས་སོགས་གནང་བ་དང་། 2012ལོ་ནས་བཟུང་དམུས་ལོང་བྱིས་པའི་མིག་ནད་སྨན་བཅོས་བྱེད་པར་འབད་པ་བྱེད་ཅིང་།  བོད་ལྗོངས་དམུས་ལོང་སློབ་གྲྭའི་གཞིས་ཀ་རྩེ་སློབ་ཁུལ་གྱི་རོལ་མོའི་སློབ་ཁང་དྲག་ཆར་སེར་གྱིས་བཅོམ་པ་ཐོས་རྗེས་ཉི་ཆར་སྤྱི་ཕན་ཐེབས་རྩ་ཚོགས་པ་དང་པེ་ཅིང་ཧན་ཧོང་བྱམས་བརྩེའི་ཐེབས་རྩ་ཚོགས་པས་དེ་མུར“ཉི་ཆར། ཧན་ཧོང་བྱམས་སེམས། བོད་ལྗོངས་དམུས་ལོང་སློབ་གྲྭའི་རོལ་མོའི་ཁང”བསྐྱར་སྐྲུན་བྱས།

  • ལེ་ཚན་སྔོན་མ།:ལི་ཁྲང་ཁྲོན་གྱིས་ཨེ་ཤ་ཡའི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:ས་གནས་ཁག་གིས་བྱེད་སྒོ་སྤེལ་ནས་ཚོགས་ཆེན་18པར་བསུ་བ་ཞུ་བ།
  • དོ་སྣང་ཆེ་བའི་རྩོམ།