ལི་ཁྲང་ཁྲོན་གྱིས་ཨེ་ཤ་ཡའི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ།
དཔའ་བརྟན་རྒྱལ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-10-18
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཧོང་ཧྭ་ཡིས་ཚེས16ཉིན་པེ་ཅིན་ནས་ཁྱབ་སྒྲོག་བྱས་དོན། ཕ་ལི་སི་ཐན་སྲིད་གཞུང་དང་མར་ཏེ་ཧྥུའུ་སྲིད་གཞུང་། བྷང་ག་ལ་མི་དམངས་མནའ་འབྲེལ་བཅས་ཀྱིས་གདན་དྲངས་པ་ལྟར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལི་ཁྲང་ཁྲོན་གྱིས་ཟླ་བཅུ་བའི་ཟླ་དཀྱིལ་ནས་ཟླ་སྨད་དུ་གོང་གི་རྒྱལ་ཁབ་གསུམ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་རྒྱུ་རེད།