ཀྲོའུ་ཡུང་ཁང་གིས་ཧུའུ་པེ་རུ་བྱ་བར་རྟོག་ཞིབ་མཛད་པ།

ཚེ་དབང་རྣམ་རྒྱལ།        2012-04-23

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲིག་ཡུང་ཁང་གིས་ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུ་ཉིན་བར་ཧུའུ་པེ་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད།
ཟླ་བཞི་པའི་ཧུའུ་པེ་ས་ཕྱོགས་ཀུན་ཏུ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ཡོད། ཀྲིག་ཡུང་ཁང་ཧུའུ་པེ་ལ་འབྱོར་མ་ཐག  རླངས་འཁོར་ལ་བསྡད་ནས་ཡིས་ཁྲང་འགག་གསུམ་ཆོན་ཐུང་ཐུའུ་ཏུའུ་པན་ཀུང་ཟི་ལ་ཕེབས། ཁེ་ལས་ཀྱིས་ཞིབ་འཇུག་དང་ལས་སྣོན་བྱས་པའི་ཐོན་རྫས་སྣ་མང་པོ་ཞིག་གིས་རྒྱལ་ནང་གི་སྟོང་ཆ་བསྐངས་པ་དང་། ལ་ལ་ཞིག་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་ཤེས་རྗེས། ཀྲིག་ཡུང་ཁང་གིས་ཁས་ལེན་གང་ལེགས་མཛད་པ་མ་ཟད། ས་གནས་ཀྱི་སྤྱི་ཚོགས་དོ་དམ་གསར་གཏོད་དང་མ་དངུལ་གཏོང་བའི་ཁོར་ཡུག་ལེགས་བསྒྱུར་བྱས་པའི་བྱེད་ཐབས་ལ་གཟེངས་བསྟོད་གནང་། ཨུ་ཀྲིག་གྲོང་ཁྱེར་ཀང་གྲོང་བརྡལ་ཏོང་ཧྲན་སྡེ་བས་མཁར་གྲོང་གཅིག་གྱུར་ཅན་འཛུགས་སྐྲུན་བྱས་ཏེ་དེང་རབས་ཅན་གྱི་མཁར་སྡེ་གསར་བ་ཞིག་ཏུ་གོང་འཕེལ་བྱུང་ཡོད། ཀྲིག་ཡུང་ཁང་སྡེ་བ་འདིའི་ཞིང་བའི་ཁྱིམ་དུ་ཕེབས་ནས་ས་ཞིང་དང་ཁྱིམ་ཚང་ཡོང་སྒོའི་གནས་ཚུལ་རྒྱུས་ལོན་མཛད། ཆུ་གློག་དང་རླངས་དབུགས་ཁྱིམ་ཚང་དུ་འཐེན་ཡོད་པ་མཐོང་བ་དང་སྡེ་མི་ཚོར་ས་ཞིང་གླ་རིན་ཡོད་པ་དང་ས་ཞིང་མ་རྐང་དུ་བཞག་ནས་ཁེ་སྤོག་བགོ་རྒྱུ་ཡོད་པ། ཞོར་ལས་ཀྱི་ཡོང་སྒོ་སོགས་ཡོང་སྒོ་བསྐྲུན་པའི་ཐབས་ལམ་མང་པོ་ཡོད་པ་ཤེས་རྗེས་ཀྲིག་ཡུང་ཁང་གིས་ཏོང་ཧྲན་གྱི་ལག་ལེན་འདིའི་མགོ་འཛུགས་ས་མཐོ་ལ་དམངས་སེམས་དང་མཐུན་པ། རྒྱུན་མཐུད་འཕེལ་རྒྱས་བྱུང་ཐུབ་པ་ཞིག་རེད་ཅེས་ཁས་ལེན་གཟེངས་བསྟོད་གནང་། ཨུ་ཀྲིག་གྲོང་ཁྱེར་ཅིན་ཀང་ཧྲི་གྲི་རིགས་ཐོན་ལས་གླིང་གསར་ཏུ་སྒྲུབ་ནས་ཡུལ་གཞན་ལ་ཚོང་དོན་གཉེར་དུ་འགྲོ་མཁན་མི་ཉུང་བ་ཞིག་ཕྱིར་བཀུགས་ཏེ་རང་ཡུལ་ནས་ལས་བསྐྲུན་དང་ལས་ཀ་བཀོད་སྒྲིག་བྱས། ཀྲིག་ཡུང་ཁང་གིས་གསུང་དོན། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཤུགས་ཆེན་གྱིས་གོང་དུ་སྤེལ་ནས་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ལྷག་མ་སྔར་ལས་མང་པོ་ཞིག་རང་ཡུལ་དང་ཉེ་འཁོར་ནས་ལས་ཀ་བཀོད་སྒྲིག་བྱས་ཏེ་ཁྱིམ་ཚང་གང་བོ་བདེ་སྐྱིད་ཡོང་བར་བྱེད་དགོས། ཤར་རླུང་རླངས་འཁོར་ཀུང་ཟི་རུ་ཁེ་ལས་འགན་འཁུར་བས་ཁོ་ཚོས་ཐོན་སྐྱེད་བྱས་པའི་རང་བདག་ཐོན་རྗས་ཚོང་བཀོལ་རླངས་འཁོར་གྱི་ཚོང་རྒྱུག་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་པ་མཚམས་སྦྱོར་བྱེད་སྐབས།    ཀྲིག་ཡུང་ཁང་གིས་ཁེ་ལས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ལག་རྩལ་གསར་གཏོད་བྱས་ཏེ་རྒྱལ་དབང་ཁེ་ལས་ཆེན་མོའི་གདུང་འདེགས་ཀྱི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས་ཏེ་གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་པའི་སྐུལ་མ་གནང་།

ཡིས་ཁྲང་ནི་རྒྱལ་ཡོངས་ཀྱི་སྤྱི་ཚོགས་དོ་དམ་གསར་གཏོད་ཕྱོགས་བསྡུས་ཚོད་ལྟ་བྱེད་པའི་གྲོང་ཁྱེར་ཡིན། བརྡ་འཕྲིན་ལ་གཞི་བཅོལ་ནས་ཁོད་མཉམ་ཅན་གྱི་ཞབས་ཕྱི་དཀྱིལ་སྙིང་ཡིན་པའི་དྲ་མིག་ཅན་གྱི་ཞབས་ཕྱི་དོ་དམ་མ་ལག་འཚོལ་ཞིབ་དང་འཛུགས་སྐྲུན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་མཁར་སྡེ་དྲ་མིག་ཆིག་སྟོང་ལྷག་ཏུ་བགོས་ཤིང་དྲ་མིག་རེ་ལ་དོ་དམ་པ་བཀོད་སྒྲིག་བྱས་ཏེ།  སྡོད་དམངས་ཚོར་ཞབས་ཕྱི་སྒྲུབ། དྲ་མིག་དོ་དམ་པ་ལ་སྡོད་དམངས་ཚོས་སྙིང་ཉེ་བའི་ངང་ནས་ཀི་ཀི་རུ་འབོད་བཞིན་ཡོད། ཀྲིག་ཡུང་ཁང་གིས་ཀི་ཀི་ཚོས་ཞབས་ཕྱི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ནས་ཏང་དང་སྲིད་གཞུང་གི་དམངས་ཕན་བྱེད་ཐབས་སོ་སོ་ཁྱིམ་ཚང་རེ་རེར་དོན་ཐོག་ཏུ་འཁྱོལ་བར་བྱ་རྒྱུའི་ཐུགས་རེ་བཏོན། ཨུ་ཀྲིག་གྲོང་ཁྱེར་ཧྥུན་ཧོང་སྲང་ལམ་དོན་གཅོད་ཁྲུའུ་དང་ལན་ཧུའུ་མཁར་སྡེ་རུ་ཀྲིག་ཡུང་ཁང་གིས་ལས་བྱེད་མི་སྣ་དང་བྱ་བ་སྒྲུབ་དུ་ཡོང་བའི་མང་ཚོགས་ལ་ཞབས་ཕྱིའི་གནས་ཚུལ་རྒྱུས་ལོན་མཛད། ཁོང་གིས་གསུང་དོན། མཁར་སྡེ་ནི་མང་ཚོགས་བདེ་སྡོད་བྱེད་པའི་ཁྱིམ་གཞི་དང་། སྤྱི་ཚོགས་འཆམ་མཐུན་གྱི་གྲུབ་ཆ་ཡིན། སྤྱི་ཚོགས་དོ་དམ་གསར་གཏོད་བྱེད་པར་མང་ཚོགས་ལ་སྟབས་བདེ་སྒྲུབ་ཅི་ཐུབ་དང་འགལ་བ་རྩོད་གཞི་དུས་ཐོག་ཏུ་གཞི་རིམ་ནས་ཐག་གཅོད་བྱ་དགོས། རྒས་ན་གཉོར་མཁན་ཡོད་ལ་དབང་སྐྱོན་བྱིས་པ་གཉོར་སྐྱོང་དང་སློབ་གསོ་མྱོང་དུ་འཇུག་པ་ནི་ཀྲིག་ཡུང་ཁང་གིས་ཐུགས་འཁུར་གནང་བའི་གནད་དོན་ཞིག་རེད། ཨུ་ཀྲིག་གྲོང་ཁྱེར་ཕན་བདེ་ལྟེ་གནས་སུ་རྒན་རྒོན་ཚོས་བདེ་ཞིང་སྐྱིད་པོའི་ངང་འཚོ་བ་རོལ་བཞིན་པ་དང་། བྱིས་པ་ཚོས་སློབ་སྦྱོང་དང་བདེ་སྐྱིད་ངང་འཚར་ལོངས་འབྱུང་བཞིན་ཡོད་པ་མཐོང་བས་ཀྲིག་ཡུང་ཁང་གིས་གསུང་དོན། ཕན་བདེ་ཁང་འདི་གཉེར་བ་ཤིན་ཏུ་བཟང་། འདི་ལས་ཏང་དང་སྲིད་གཞུང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་མཚོན་ཡོད་པས་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འབད་པ་བྱས་ཏེ་དཀའ་ཁག་ཆེ་བའི་མང་ཚོགས་སྔར་ལས་མང་པོ་ཞིག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་གཞི་ཆེན་པོའི་དྲོད་སྐྱིད་དེ་ཉམས་སུ་མྱོང་དུ་འཇུག་དགོས་པའི་ཐུགས་རེ་བཏོན།
ཝུའུ་ཧན་གྲོང་ཁྱེར་སྤྱི་བདེ་ཅུའུ་བརྙན་རིས་ལྟ་ཞིབ་ཡན་ལག་རུ་ཁག་ནི་རྒྱལ་ཡོངས་ཀྱི་ཆེད་ལས་བརྙན་རིས་ལྟ་ཞིབ་དཔུང་སྡེ་ཐོག་མ་ཡིན་ལ། གྲོང་ཁྱེར་བརྙན་རིས་ལྟ་ཞིབ་བརྙན་ཤེལ་གྱི་ནུས་པ་འདོན་སྤེལ་དང་སྲང་ལམ་གྱི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཀྲིག་ཡུང་ཁང་གིས་གསར་བྱུང་གི་ཉེན་རྟོགས་དམག་དཔུང་གིས་ལྷག་བསམ་རྣམ་དག་གིས་བྱ་བ་སྒྲུབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་་རྒྱུ་ནོར་སྔར་ལས་ལྷག་པར་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་ལྕག་གནང་། ཀྲིག་ཡུང་ཁང་ད་རུང་ཡིས་ཁྲང་ཞིས་ལིན་ཁུལ་ཁྲིམས་ཁང་དང་ཝུའུ་ཧན་ཧན་ཡང་ཁུལ་ཞིབ་དཔྱོད་ཁང་། ཨུ་ཀྲིག་ཞིས་ཧྲན་སྤྱི་བདེ་ཡན་ལག་ཅུའུ་བཅས་ལ་ཕེབས་ནས་སྲིད་ཁྲིམས་ལས་ཁུངས་ཀྱི་ཞབས་ཕྱི་གནས་བབ་དང་། དམངས་འཚོ་ལ་ཞབས་ཕྱི་སྒྲུབ་པ། གཞི་རིམ་ལ་ཞབས་ཕྱི་སྒྲུབ་པའི་གནས་ཚུལ་རྒྱུས་ལོན་མཛད་ནས་ཚང་མས་བློ་དཀར་བ་དང་མི་དམངས་བསམཔ།  དྲང་བདེན། སྲིད་གཙང་བཅས་ཀྱི་སྲིད་ཁྲིམས་ཉེན་རྟོགས་ལས་བྱེད་པའི་རིན་ཐང་ལྟ་བའི་ལག་ལེན་བྱ་འགུལ་ནན་ཏན་གྱིས་སྤེལ་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་དྲང་བདེན་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་སྲུང་སྐྱོང་བྱེད་པའི་ནུས་པ་ཇེ་མཐོར་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་མཁན་དང་སྲུང་སྐྱོབ་པ་བྱ་རྒྱུའི་བླང་བྱ་བཏོན།

གཟིགས་ཞིབ་སྐབས་སུ། ཀྲིག་ཡུང་ཁང་གིས་ཧུའུ་པེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་མིན་གྲོང་ཁྱེར་དང་རྫོང་སྐོར་ཞིག་གི་འགན་འཁུར་བློ་མཐུན་རྣམས་དང་ལྷན་དུ་བཞུགས་མོལ་མཛད། ཀྲིག་ཡུང་ཁང་གིས་གསུང་དོན། ཉེ་བའི་ཚུན་ལ། ཧུའུ་པེ་ཞིང་ཆེན་གྱིས་གཅིག་གྱུར་གོང་སྤེལ་དང་དམངས་འཚོ། ལས་འགན་དང་པོ་དང་འགན་འཁུར་དང་པོ། ཚན་རིག་གོང་སྤེལ་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད། ཁྱེད་ཚོས་བརྟན་བརླིང་ཁྲོད་དར་རྒྱས་བརྩོན་པ་དང་བཟང་བོའི་ཁྲོད་ནས་མགྱོགས་པོ་བརྩོན་པ་རྒྱུན་འཁྱོངས་བྱས་ནས་ཚན་རིག་གོང་སྤེལ་གྱི་བཟང་ཆ་དར་སྤེལ་དང་སྤྱི་ཚོགས་དོ་དམ་གྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ནས་དབུས་ཁུལ་དར་རྒྱས་ཡར་སྐུལ་བྱེད་པའི་འཐབ་ཇུས་གལ་ཆེན་གྱི་རྟེན་གཞི་འཛུགས་པ་ཇེ་མགྱོགས་སུ་གཏོང་དགོས་པའི་ཐུགས་རེ་བཏོན།

  • ལེ་ཚན་སྔོན་མ།:༼རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་ཕེབས་པ༽ཞེས་པའི་ཐང་ག་རིང་མོ་དེ་ད་ལོའི་སྟོན་ཁར་ལེགས་འགྲུབ་འབྱུང་ངེས།
  • ལེ་ཚན་རྗེས་མ།:«བོད་རྒྱ་ཤན་སྦྱར་ཁྲིམས་རིག་པའི་ཚིག་མཛོད»པེ་ཅིན་ནས་ཐོག་དང་པོར་བཀྲམས་པ།
  • དོ་སྣང་ཆེ་བའི་རྩོམ།