«བོད་རྒྱ་ཤན་སྦྱར་ཁྲིམས་རིག་པའི་ཚིག་མཛོད»པེ་ཅིན་ནས་ཐོག་དང་པོར་བཀྲམས་པ།

ཀླུ་འབུམ་བྱམས།        2012-04-23

ཐད་སྙན་ཆེས་མང་ཞིང་ནང་དོན་ཆ་ཚང་བའི«བོད་རྒྱ་ཤན་སྦྱར་ཁྲིམས་རིག་པའི་ཚིག་མཛོད»དེ་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་པེ་ཅིན་འགྲེམ་སྤེལ་བྱས། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྒྲིག་སྒྱུར་བྱས་པའི་«རྒྱ་བོད་ཤན་སྦྱར་ཁྲིམས་རིག་པའི་ཚིག་མཛོད»པར་དུ་བསྐྲུན་པ་དེས་ཀྲུང་གོའི་བོད་ཁུལ་ཁྲིམས་ཁང་དུ་རྒྱ་བོད་ཤར་སྦྱར་ཁྲིམས་རིག་པའི་ཚིག་མཛོད་མེད་པའི་སྟོང་ཆ་ཁ་སྐོང་བྱས་བར་མ་ཟད། བོད་ཁུལ་ཁྲིམས་འཛིན་ལས་ཁུངས་ཀྱི་སྐད་གཉིས་འདྲི་གཅོད་བྱ་བ་ཚད་ལྡན་དུ་བསྒྱུར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་ཝེ་ཡིས་ཚིག་མཛོད་ཀྱི་མགོ་བརྗོད་བྲིས། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཧྲིན་ཏི་ཡོན་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁེ་ཅོན་འགྲེམ་སྤེལ་མཛད་སྒོར་ཞུགས།
«ཚིག་མཛོད»ཀྱི་མགོ་བརྗོད་ནང་དུ་ཆང་ཝེ་ཡིས་བོད་འདུས་སྡོད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བ་དང་། སྒོས་སུ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། རྒྱ་བོད་སྐད་གཉིས་བྱང་དུ་ཆུད་པའི་ཁྲིམས་ལུགས་ཤེས་ལྡན་པ་མང་པོ་སྐྱེད་སྲིང་དང་། བོད་འདུས་སྡོད་ས་ཁུལ་གྱི་ཁྲིམས་ཁང་གིས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་གྱོད་དོན་འདྲི་ཞིབ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད། «རྒྱ་བོད་ཤར་སྦྱར་ཁྲིམས་རིག་པའི་ཚིག་མཛོད»སྒྱུར་སྒྲིག་བྱས་པ་དེས། བོད་འདུས་སྡོད་ས་ཁུལ་དུ་ཁྲིམས་ལུགས་ཕྱོགས་ཀྱི་ཤན་སྦྱར་ཚིག་མཛོད་མེད་པའི་སྟོང་ཆ་ཁ་སྐོང་བྱས་པ་ལས་གཞན། སྐད་གཉིས་སྨྲ་བའི་ཁྲིམས་དཔོན་སྐྱེད་སྲིང་དང་། འདྲི་གཅོད་ལས་དོན་ཚན་རིག་དང་མཐུན་པར་གོང་དུ་སྤེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་ནུས་པ་ཆེན་པོ་འདོན་ཐུབ་ཅེས་བསྟན་ཡོད།

  • ལེ་ཚན་སྔོན་མ།:ཀྲོའུ་ཡུང་ཁང་གིས་ཧུའུ་པེ་རུ་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་དགོན་སྡེ500ལྷག་ལ་དགོན་སྡེའི་དཔེ་ཁང་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།