མངའ་རིས་ཚགས་པར་བོད་ཡིག་པར་མ་དངོས་སུ་འགྲེམ་སྤེལ་བྱས།

གངས་དབང་གིས།        2012-04-18

ཏང་གི་ཚགས་པར་དང་དུས་དེབ་གཟིགས་འབུལ་བྱེད་པའི་ལས་དོན་ལག་བསྟར་གཏོང་ཆེད་དང་རང་སྐྱོང་ལྗོངས་ཀྱི་སྐབས་བརྒྱད་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱིས་གསར་འགྱུར་སྨྱན་བྱེད་ཀྱིས་བོད་རྒྱ་ཡིག་རིགས་གཉིས་ནས་ཚགས་པར་དཔར་ནས་གཏོང་སྤྲོད་བྱེད་དགོས་པའི་བླངས་བྱ་བཏོན་པ་ལྟར་མངའ་རིས་ཚགས་པར་བོད་ཡིག་པར་མ་དངོས་སུ་གྲོང་གསེབ་དང་སློབ་གྲྭ།དགོན་པ་རྣམས་ལ་གཟིགས་འབུལ་བྱས་པ་རེད།
 རྒྱུས་ལོན་བྱས་པ་ལྟར་ན།མངའ་རིས་ཚགས་པར་བོད་ཡིག་པར་མ་ནི་ད་ལོའི་ཟླ3པ་ནས་དངོས་སུ་འགྲེམ་སྤེལ་བྱས་ལ་གཟའ་འཁོར་རེ་ལ་ཚགས་པར་ཐེངས་རེ་དང་ཐེངས་གཅིག་ལ་2000དཔར་ཏེ་ཞིང་འབྲོག་མི་དམངས་དང་སློབ་གྲྭའི་དགེ་སློབ།དགོན་སྡེའི་བཙུན་པ་རྣམས་ཀྱིས་ཏང་གི་བྱེད་ཕྱོགས་དང་མངའ་རིས་ས་ཁུལ་གྱི་སྲིད་ཇུས།ཚོགས་འདུ་གལ་ཆེན་གྱི་དགོངས་དོན་སོགས་དུས་ཐོག་ཏུ་ཤེས་རྒྱུས་འབྱུང་བར་ཕན་ཐོགས་ཆེན་པོ་ཡོད་དོ།།
  • ལེ་ཚན་སྔོན་མ།:ལིས་ཁྲང་ཁྲུན་ལོན་ཏོན་ལ་ཐོན་ནས་དབྱིན་ཇིར་འཚམས་འདྲི་མཛད་མགོ་བརྩམས་པ།
  • ལེ་ཚན་རྗེས་མ།:དབྱངས་བཞི་ཚན་སྡེབ་ཀྱིས་བོད་སྐད་གླུ་གཞས་ཆེད་བསྒྲིགས་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།