ལིས་ཁྲང་ཁྲུན་ལོན་ཏོན་ལ་ཐོན་ནས་དབྱིན་ཇིར་འཚམས་འདྲི་མཛད་མགོ་བརྩམས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-04-18

ལིས་ཁྲང་ཁྲུན་ལོན་ཏོན་ལ་ཐོན་ནས་དབྱིན་ཇིར་འཚམས་འདྲི་མཛད་མགོ་བརྩམས་པ།

  ས་དེའི་ཚེས15ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁྲང་ཁྲུན་ལོན་ཏོན་ལ་ཐོན་ནས་དབྱིན་ཇི་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་མགོ་བརྩམས་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས15ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁྲང་ཁྲུན་ལོན་ཏོན་ལ་ཐོན་ནས། དབྱིན་ཇི་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་མགོ་བརྩམས།

  ལིས་ཁྲང་ཁྲུན་གྱིས་གནམ་གྲུ་ཐང་ནས་ཡིག་ཐོག་གི་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། དབྱིན་ཇི་ནི་ཆེས་སྔོན་ལ་ཀྲུང་གོ་གསར་བ་ཁས་བླངས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་པ་དང་། ད་ལོ་ནི་རྒྱལ་ཁབ་གཉིས་བར་གཞུང་ཚབ་ཆེན་མོ་རིམ་པའི་འབྲེལ་བ་བཙུགས་ཏེ་ལོ་འཁོར40ལོན་པའི་ལོ་ཡིན། ལོ40ཡི་རིང་ལ། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་དུ་སོང་བ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཉིན་རེ་བཞིན་ཇེ་བཟང་དུ་སོང་། དེང་སྐབས་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་ཟབ་མོ་ཡིན་པ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཕྱོགས་གཉིས་ཀྱི་བརྗེ་རེས་ཧ་ཅང་ཟབ། དཔལ་འབྱོར་ཉོ་ཚོང་དང་སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཕན་འབྲས་ཕུན་སུམ་ཚོགས་པ་ཐོབ་ལ། རྒྱལ་སྤྱིའི་ལས་དོན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་བཞིན་ཡོད། རྒྱལ་སྤྱིའི་གནས་བབ་ལ་རྙོག་འཛིང་གི་འགྱུར་ལྡོག་འབྱུང་བའི་གནས་ཚུལ་འོག ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་འགྲན་རྩོད་ཇེ་མང་དུ་འགྲོ་བཞིན་པ་དང་། བརྗེ་རེས་ལ་ཤུགས་སྣོན་པ་དང་མཉམ་ལས་ཇེ་ཟབ་ཏུ་བཏང་ན་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཕན་པ་མ་ཟད། འཛམ་གླིང་གི་བརྟན་འཇགས་དང་དར་རྒྱས་ལ་ཡང་ཕན་ཟེར།

  ལིས་ཁྲང་ཁྲུན་གྱིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གིས་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། དབྱིན་ཇི་དང་མཉམ་དུ་འཐབ་ཇུས་དང་ཁྱོན་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་བལྟ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་འཁོར40ལོན་པ་དང་ལོན་ཏོན་གྱིས་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་བསྡུ་བ་གོ་སྐབས་སུ་བརྩིས་ཏེ། ཀྲུང་གོ་དང་དབྱིན་ཇིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་གོང་འཕེལ་ལ་གཏོང་འདོད་ཡོད་ཟེར། ལིས་ཁྲང་ཁྲུན་གྱིས་ཁོང་གིས་དབྱིན་ཇི་སྲིད་གཞུང་དང་སྲིད་ཏང་གི་མགོ་ཁྲིད་པ། ལས་རིགས་སོ་སོའི་མི་སྣ་བཅས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་འབྱོར་ཚོང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་དང་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད་དེ། ཡིད་ཆེས་ཇེ་ཆེར་གཏོང་བ་དང་མཉམ་ལས་ལ་ཡར་སྐུལ་བྱས་ནས། མཉམ་དུ་འཕེལ་རྒྱས་བསྙེག་པར་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན། ལིས་ཁྲང་ཁྲུན་གྱིས་ད་དུང་ཉིས་སྟོང་བཅུ་གཉིས་ལོའི་ལོན་ཏོན་དབྱར་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་ལེགས་འགྲུབ་འབྱུང་བར་ལྷག་བསམ་རྣམ་དག་གིས་སྨོན་འདུན་ཞུས།

  དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་གྱི་འཐུས་མི་དང་། དབྱིན་ཇིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིག་ཞའོ་མེན་སོགས་ཀྱིས་གནམ་གྲུ་ཐང་ནས་ལིས་ཁྲང་ཁྲུན་ལ་བསུ་བ་བྱས།  །

  • ལེ་ཚན་སྔོན་མ།:པེ་ཅིན་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་གྱི་སློབ་བསྡུའི་འཆར་གཞི་དེ་མུ་མཐུད་དབུས་ནུབ་ཁུལ་དུ་ཕྱོགས་པ།
  • ལེ་ཚན་རྗེས་མ།:མངའ་རིས་ཚགས་པར་བོད་ཡིག་པར་མ་དངོས་སུ་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།