པེ་ཅིན་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་གྱི་སློབ་བསྡུའི་འཆར་གཞི་དེ་མུ་མཐུད་དབུས་ནུབ་ཁུལ་དུ་ཕྱོགས་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2012-04-18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14དང་ཚེས15ཉིན་པེ་ཅིན་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་སོ་སོས་སློབ་གྲྭའི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ནས2012ལོའི་སློབ་བསྡུའི་འཆར་གཞི་ཡོངས་བསྒྲགས་བྱས་པ་རེད། སློབ་གྲྭ་གཉིས་པོར་བསྡུ་རྩིས་ཡོད་པའི་སློབ་མའི་མི་གྲངས་ནི་ཁག་སོ་སོར་པེ་ཅིན་སློབ་ཆེན་གྱི་ཚན་ཁག་ཁག་ཏུ་སློབ་མ་བསྡོམས་འབོར2650དང་གསོ་རིག་པུའུ་རུ་སློབ་མ་བསྡོམས་འབོར845དང་། ཆིང་ཧྭ་སློབ་ཆེན་དུ་དངོས་གཞི་སློབ་མ3372བཅས་བསྡུ་རྩིས་ཡོད་པ་དང་ཆིང་ཧྭ་སློབ་ཆེན་དུ་བསྡུ་རྒྱུའི་སློབ་མ་དེ་སྔ་ལོ་དང་སྤྱིར་ན་སྙོམས་ཡོད་པ་རེད།

“སློབ་ཁུངས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་སློབ་གསོ་དྲང་བཞག་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ”ནི2012ལོར་སློབ་གྲྭ་གཉིས་པོར་སློབ་མ་བསྡུ་བའི་སྒྱུར་བཅོས་བྱེད་ཕྱོགས་ཀྱི་གྲས་ཤིག་ཡིན་པ་རེད། པེ་ཅིན་སློབ་ཆེན་གྱིས་སློབ་བསྡུའི་འཆར་གཞི་སྤྲོད་པ་དང་བསྡུ་རིང་གྲོང་གསེབ་ས་ཁུལ་དང་། ཐག་རིང་ལུང་ཁུག་ས་ཁུལ། གྲངས་ཉུང་མི་རིགས་ས་ཁུལ་བཅས་ལ་གཟིགས་སྐྱོང་བྱ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་རེད།

ཆིང་ཧྭ་སློབ་ཆེན་གྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་ནས་སློབ་མ་བསྡུ་བའི་འཆར་གཞིའི་བསྡོམས་འབོར་བལྟོས་བཅས་ཀྱིས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་དུས་མཚུངས་སློབ་བསྡུའི་འཆར་གཞི་དེ་གཙོ་གནད་ཐོག་མཐོ་རིམ་སློབ་གསོ་དར་རྒྱས་མེད་པ་མ་ཟད་སློབ་ཁུངས་ཀྱི་གྲངས་ཚད་བལྟོས་བཅས་མང་ཙམ་དང་སློབ་རིམ་འཕར་བའི་གནོན་ཤུགས་ཆེ་ཙམ་གྱི་དབུས་ནུབ་ས་ཁུལ་དུ་ཕྱོགས་ནས་ཀན་སུའུ་དང་། ཧྲའན་ཤིས། སི་ཁྲོན་སོགས་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)12ཚང་མར་སློབ་བསྡུའི་འཆར་གཞི་རྒྱ་ཆེར་གཏོང་བ་དང་ཕྱོགས་མཚུངས་སློབ་རིམ་འཕར་རྒྱུའི་ཐད་གནོན་ཤུགས་ཆེ་ཙམ་ཡོད་པ་དཔེར་ན་ཧོ་ནན་དང་། ཧྲན་ཏུང་། ཀོང་ཏུང་སོགས་ཞིང་ཆེན་དུའང་སློབ་བསྡུའི་འཆར་གཞི་གཙོ་གནད་ཐོག་མང་དུ་བཏང་ཡོད། གཞན་ཡང་ཆིང་ཧྭ་སློབ་ཆེན་གྱིས་ད་དུང་རྒྱལ་ཡོངས་ཀྱི་ཞིང་ཆེན21གི་ཡུག་སྦྲེལ་དམིགས་བསལ་དཀའ་ངལ་ཆེ་བའི་ས་ཁུལ14རུ་གནས་གཏན་འཁེལ་གྱི་སློབ་བསྡུའི་འཆར་གཞི30སྤྲད་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:བོད་ཀྱི་ལོ་རྒྱུས་དང་གཏམ་རྒྱུད་ཀྱིས་ཡུལ་སྐོར་བའི་ཡིད་དབང་འཕྲོག་པ།
  • ལེ་ཚན་རྗེས་མ།:ལིས་ཁྲང་ཁྲུན་ལོན་ཏོན་ལ་ཐོན་ནས་དབྱིན་ཇིར་འཚམས་འདྲི་མཛད་མགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།