དབྱངས་བཞི་ཚན་སྡེབ་ཀྱིས་བོད་སྐད་གླུ་གཞས་ཆེད་བསྒྲིགས་འགྲེམ་སྤེལ་བྱས།

    མཚོ་སྔོན་པོ་དྲ་བ།    2012-04-20

དབྱངས་བཞི་ཚན་སྡེབ་ཀྱིས་བོད་སྐད་གླུ་གཞས་ཆེད་བསྒྲིགས་འགྲེམ་སྤེལ་བྱས།

ཉེ་ལམ།  མཚོ་སྔོན་ཞིང་ཆེན་རྨ་ལྷོའི་དབྱངས་བཞི་ཚན་སྡེབ་ཀྱིས༼དབྱངས་བཞིའི་གླུ་དབྱངས༽ཞེས་པའི་ཕ་སྐད་གླུ་གཞས་ཆེད་བསྒྲིགས་ཤིག་འགྲེམ་སྤེལ་བྱས་ཤིང་།ཚན་སྡེབ་འདི་ནི་རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་ན་གཞོན་བོད་ཀྱི་ཟློས་གར་འཁྲབ་སྟོན་པ་དང་གར་འཁྲབ་མཁན་པདྨ་ཚེ་བརྟན་དང་།ཡེ་ཤེས་དར་རྒྱས། ལྷ་སྲུང་སྐྱབས།རྡོ་རྗེ་བཅས་ཀྱིས་གྲུབ་པ་ཡིན་ཞིང་།ཁོ་ཚོ་ཚང་མ་རྨ་ལྷོ་ཁུལ་རོལ་མོ་ཟློས་གར་པའི་མཐུན་ཚོགས་ཀྱི་ཁོངས་གཏོགས་མི་སྣ་ཡིན།
       ༼དབྱངས་བཞིའི་གླུ་དབྱངས༽ཞེས་པའི་ནང་བསྡོམས་པས་གླུ་གཞས13འདུས་ཡོད་ཅིང་།རྨ་ལྷོའི་བོད་ཁུལ་གྱི་མི་དང་རང་བྱུང་གི་མཛེས་པ་གཙོ་བྱས་ཤིང་།རྨ་ལྷོ་ཁུལ་གྱི་མི་རིགས་རོལ་མོའི་རིག་གནས་ཀྱི་མཛེས་པ་དག་མངོན་པ་དང་།་ཕྱོགས་ཀུན་ནས་ས་དེ་གའི་རང་བྱུང་མཛེས་རྣམ་དང་།ཕུན་སུམ་ཚོགས་པའི་མི་རིགས་རིག་གནས།ཟོལ་མེད་བབ་ཆགས་ཀྱི་དམངས་སྲོལ་རིག་གནས་བཅས་མངོན་པར་བཏོད་ཡོད།
       དེ་ཡང༼ཤར་དུང་རིའི་ལྷན་འཛོམས༽དང་།༼བཀྲ་ཤིས་ལོ་སར༽ཞེས་པའི་གཞས་གཉིས་ནི2010ལོའི་ཟླ9བར་རྒྱལ་ཡོངས་བོད་རིགས་གླུ་གཞས་འཚོལ་བསྡུ་དཔྱད་འདེམས་ཆེད་ཚོགས་སུ་ཞུགས་པར་མ་ཟད་ཟངས་ཀྱི་རྟགས་མ་ཐོབ།
         ཆེད་བསྒྲིགས་གསར་བ་འདི་ནི་རྨ་ལྷོ་ཁུལ་རོལ་མོའི་མཐུན་ཚོགས་ཀྱི་རོགས་འདེགས་འོག  གཞས་ཁ་ཤས་རྒྱ་ཡིག་ཏུ་བསྒྱུར་རྩིས་ཡོད་པར་མ་ཟད། རྒྱལ་ཡོངས་སུ་འགྲེམ་སྤེལ་བྱེད་པ་རེད།
  • ལེ་ཚན་སྔོན་མ།:མངའ་རིས་ཚགས་པར་བོད་ཡིག་པར་མ་དངོས་སུ་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་མི་རིགས་སློབ་ཆེན་བོད་བརྒྱུད་ནང་བསྟན་རབ་འབྱམས་པའི་འཛིན་གྲྭར་ཐེངས་གཉིས་པའི་འཆད་ཁྲིད་བྱས།
  • དོ་སྣང་ཆེ་བའི་རྩོམ།