རྨ་ཙོང་འབབ་ཡུལ་གྱི་སྐབས་དང་པོའི་རྒྱལ་སྤྱིའི་དམངས་ཁྲོད་མདའ་འཕེན་གདན་ཞུ་འགྲན་སྡུར་ཟླ7པར་སྤེལ་རྒྱུ་རེད།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-04-12

རྨ་ཙོང་འབབ་ཡུལ་གྱི་སྐབས་དང་པོའི་རྒྱལ་སྤྱིའི་དམངས་ཁྲོད་མདའ་འཕེན་གདན་ཞུ་འགྲན་སྡུར་ཟླ7པར་སྤེལ་རྒྱུ་རེད།
མཚོ་ཤར་མདའ་འཕེན་རུ་ཁག་གིས་མདའ་རྩེད་སྔོན་དུ་སྲོལ་རྒྱུན་གྱི་ཞབས་བྲོ་འཁྲབ་བཞིན་པ།(རྒྱུ་ཆའི་པར་རིས)
 

ཟླ4བའི་ཚེས10ཉིན། ཀྲུང་གོའི་མཚོ་སྔོན་རྨ་ཙོང་འབབ་ཡུལ་གྱི་སྐབས་དང་པོའི་རྒྱལ་སྤྱིའི་དམངས་ཁྲོད་མདའ་འཕེན་གདན་ཞུ་འགྲན་སྡུར་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་པེ་ཅིན་དུ་བསྡུས་པ་རེད། སྐབས་འདིའི་འགྲན་སྡུར་ནི་ཀྲུང་གོའི་མདའ་འཕེན་ལུས་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བ་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་། མཚོ་ཤར་ས་གནས་ཏང་ཨུ། མཚོ་ཤར་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བཅས་ཀྱིས་འགན་སྒྲུབ་བྱེད་པ་ཡིན།
  རྒྱུས་ལོན་བྱུང་བ་ལྟར་ན་སྐབས་འདིའི་གདན་ཞུ་འགྲན་སྡུར་ཟླ7པའི་ཚེས23ཉིན་ནས་ཚེས26ཉིན་བར་དུ་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གྱི་གྲོ་ཚང་རྫོང་ནས་བསྡུ་རྒྱུ་རེད། ཀྲུང་ཧྭའི་མདའ་འཕེན་སྒྱུ་རྩལ་རྒྱུན་འཛིན་དང་། རྨ་ཙོང་དམངས་ཁྲོད་རིག་གནས་དར་སྤེལ་ཞེས་པ་འགྲན་སྡུར་གྱི་བརྗོད་གཞིར་བྱས་ནས་མཚོ་སྔོན་གྱི་རྭ་གཞུ་དང་། དེང་རབས་ཀྱི་སྲོལ་རྒྱུན་གཞུ།   གཞུ་རྩེ་བཀུག་མ་བཅས་རིགས་གསུམ་དུ་དགར་བར་མ་ཟད། ཚོགས་པའི་འགྲན་སྡུར་དང་མི་སྒེར་གྱི་འགྲན་སྡུར་བཅས་གཉིས་སུ་དགར་ཞིང་། དེའི་མཚུངས་སུ་ཕུལ་བྱུང་རྩ་འཛུགས་བྱ་དགའ་གཉིས་སུ་ཕྱེས་ཡོད། སྐབས་འདིའི་འགྲན་སྡུར་ལ་འཐུས་ཚབ་རུ་ཁག90དང་འགྲན་ཞུགས་པ500ཡོད་པའི་ཁྲོད་རྒྱལ་ཕྱིའི་འཐུས་ཚབ་རུ་ཁག25དང་འགྲན་ཞུགས་པ100ལ་ཉེ་བ་རེད།
  སྐབས་འདིའི་འགྲན་སྡུར་ནི་མཚོ་ཤར་ས་ཁུལ་གྱིས་མདའ་འཕེན་འགྲན་སྡུར་བསྡུས་པ་ནས་བཟུང་འགྲན་ཞུགས་དཔུང་སྡེ་དང་འགྲན་ཞུགས་པ། ལྷག་པར་དུ་རྒྱལ་ཕྱིའི་འཐུས་ཚབ་རུ་ཁག་ཆེས་མང་བ་དང་། འགྲན་ཞུགས་དཔུང་སྡེའི་ཆུ་ཚད་ཆེས་མཐོ་བ། བྱ་དགའི་དངུལ་གྲངས་ཆེས་ཆེ་བའི་དམངས་ཁྲོད་ཀྱི་མདའ་འཕེན་འགྲན་སྡུར་ཞིག་ཡིན་པ་རེད། 

  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཡིས་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:མཚོ་སྔོན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གླིང་གེ་སར་ཞིབ་འཇུག་འབྲས་བུར་བྱ་དགའ་སྤྲོད་པའི་བྱ་འགུལ་སྤེལ་
  • དོ་སྣང་ཆེ་བའི་རྩོམ།