མཚོ་སྔོན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གླིང་གེ་སར་ཞིབ་འཇུག་འབྲས་བུར་བྱ་དགའ་སྤྲོད་པའི་བྱ་འགུལ་སྤེལ་རྒྱུ་རེད།

གངས་དབང་གིས།        2012-04-13

གླིང་གེ་སར་སྒྲུང་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པས་དེ་ཉིད་དར་སྤེལ་གཏོང་བ་དང་མཚོ་སྔོན་ཞིང་ཆེན་གྱི་གླིང་གེ་སར་ཞིབ་འཇུག་འབྲས་བུ་ཕན་ཚུན་སྤེལ་རེས་བྱེད་ཆེད་མཚོ་སྔོན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་2012ལོའི་ལོ་སྟོད་ལ་་མཚོ་སྔོན་ཞིང་ཆེན་གྱི་གླིང་གེ་སར་ཞིབ་འཇུག་འབྲས་བུར་བྱ་དགའ་སྤྲོད་པའི་བྱ་འགུལ་སྤེལ་རྒྱུ་རེད།མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་གླིང་གེ་སར་ལ་ཞིབ་འཇུག་བྱེད་པའི་མཁས་པ་དང་ཞིབ་འཇུག་པ་ཚོས་རང་ཉིད་ཀྱིས་2008ལོའི་ཟླ5པའི་ཚེས1ནས་2011ལོའི་ཟླ4པའི་ཚེས30ཉིན་བར་རྒྱལ་ནང་དུ་སྤེལ་མྱོང་བའི་དཔྱད་རྩོམ་རྣམས་འགྲན་སྡུར་དུ་འབུལ་ཆོག །
  • ལེ་ཚན་སྔོན་མ།:རྨ་ཙོང་འབབ་ཡུལ་གྱི་སྐབས་དང་པོའི་རྒྱལ་སྤྱིའི་དམངས་ཁྲོད་མདའ་འཕེན་གདན་ཞུ་འགྲན་སྡུར་ཟླ7པར་སྤེལ་རྒྱུ་རེད།
  • ལེ་ཚན་རྗེས་མ།:༼གེ་སེར༽ཞིབ་འཇུག་གྲུབ་འབྲས་དཔྱད་འདེམས་བྱ་དགའི་བྱ་འགུལ་སྤེལ་རྒྱུ་ཡིན།
  • དོ་སྣང་ཆེ་བའི་རྩོམ།