ཝུན་ཅ་པའོ་ཡིས་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་བ།

བཀྲ་ཤིས་འབུམ།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-04-12

ཝུན་ཅ་པའོ་ཡིས་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས་བཅུ་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་གསར་དུ་བདམས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་བཞི་བ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་བར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ལེང་ཀྲིན་དབྱིན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་བཞི་བར་བདམས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཡིག་གནང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས་བཅུ་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་གསར་དུ་བདམས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་བཞི་བ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་བར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ལེང་ཀྲིན་དབྱིན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་བཞི་བར་བདམས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཡིག་གནང་།མཇལ་འཕྲད་གནང་སྐབས་ཝུན་ཅ་པའོ་ཡིས་ལེང་ཀྲིན་དབྱིན་སྲིད་འཛིན་དཔོན་པོ་ལ་བདམས་པར་རྟེན་འབྲེལ་ཞུས། ཝུན་ཅ་པའོ་ཡིས་གསུངས་རྒྱུར། ཅང་མ་འགོར་བའི་སྔོན་ལ་ཁྱོད་ཀྱིས་བཀའ་ཁྱབ་དང་ལེན་བྱས་པ་དེས་འགན་འཁྲི་ལྗིད་མོ་དང་དུ་བླངས་པ་མཚོན་ཡོད་ལ། ཁྱོད་ཀྱིས་ངེས་པར་དུ་འགན་འཁྲི་དང་དུ་བླངས་ཏེ་ཞང་ཀང་སྡོད་དམངས་ཀྱིས་ཁྱོད་ལ་བཅངས་པའི་ཡིད་ཆེས་སྟོང་ཟད་དུ་མི་གཏོང་བ་དང་། ཀྲུང་དབྱང་སྲིད་གཞུང་གིས་ཁྱོད་ལ་བཅངས་པའི་རེ་བ་ཆེན་པོ་སྟོང་ཟད་དུ་མི་གཏོང་བར་ང་ཚོར་ཡིད་ཆེས་ཡོད་ཟེར།ཝུན་ཅ་པའོ་ཡིས་ལེང་ཀྲིན་དབྱིན་ལ་གསུངས་རྒྱུར། མ་འོངས་པའི་ལོ་ལྔ་ནི་ཞང་ཀང་འཕེལ་རྒྱས་སུ་གཏོང་བར་འབྲེལ་བ་ཆེན་པོ་ཡོད། མིག་སྔར་ཞང་ཀང་གི་མདུན་དུ་དཔལ་འབྱོར་གྱི་གནས་བབ་མི་བཟང་བ་དང་དངུལ་ལོར་ཚོད་མེད་དུ་འགྲེམ་པའི་གནོན་ཤུགས་གནས་ཡོད་པ་དང་། སྡོད་ཁང་དང་ལས་ཞུགས། སྨན་བཅོས་སོགས་མང་ཚོགས་ཀྱི་འཚོ་བའི་གནད་དོན་ཅུང་འབུར་ཐོན་ཡིན། སྐབས་གསར་བའི་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུ་དེ་བྱ་བ་ཀུན་གྱི་གོ་གནས་གལ་ཆེན་དུ་འཇོག་དགོས། ཞང་ཀང་ནི་རང་མོས་སྒོ་འབྱེད་ཀྱི་དཔལ་འབྱོར་ཚོགས་པ་ཞིག་ཡིན་པ་དང་། ཁྲིམས་ལུགས་འཐུས་ཚང་དང་ཤེས་ལྡན་མི་སྣ་འབོར་ཆེན་ཡོད་པའི་དོ་དམ་ཁྱད་སྟོབས་དང་རྒྱལ་སྤྱིའི་དངུལ་ལོར་དང་ཉོ་ཚོང་། མཁའ་འགྲུལ་ལྟེ་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་ལྡན་པས། ཕན་ཡོད་ཆ་རྐྱེན་བེད་སྤྱོད་པ་དང་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ། དཀའ་ངལ་སྣ་ཚོགས་ཁྱད་དུ་སེལ་ཏེ་ཞང་ཀང་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་དགོས་པར་མ་ཟད། ཡུན་རིང་གི་དར་རྒྱས་བརྟན་འཇགས་མངོན་འགྱུར་བྱེད་དགོས། ཀྲུང་དབྱང་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཞང་ཀང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། ཕྱིན་ཆད་ཀྱང་དགོས་མཁོ་ལྟར་དུས་ཐོག་ཏུ་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱེད་པར་མ་ཟད། ས་ཁུལ་གཉིས་བར་གྱི་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་ཡིན། ས་ཁུལ་གཉིས་ཀྱི་ཁྱད་སྟོབས་ཁ་གསབ་བྱེད་པ་དང་ས་ཁུལ་གཉིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་ཕན་པ་ཡོད་ལ། ཞང་ཀང་ཡུན་རིང་དར་རྒྱས་བརྟན་འཇགས་ཡོང་བར་ཕན་པ་ཡོད་པའི་དོན་དག་ཅིག་ཡིན་ཚེ། ཀྲུང་དབྱང་སྲིད་གཞུང་གིས་ནན་ཏན་སྒོས་ཞིབ་འཇུག་བྱས་ཏེ་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱེད་པ་ཡིན་ཟེར།ཝུན་ཅ་པའོ་ཡིས་གསུངས་རྒྱུར། དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོའི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས་ན། གཙོ་བོ་ཞང་ཀང་གི་ལས་རིགས་སོ་སོའི་མི་སྣ་དང་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཞང་ཀང་པ་ཚང་མའི་བློ་གྲོས་འདོན་སྤེལ་གང་ལེགས་བྱེད་དགོས་ལ། ལས་རིགས་སོ་སོའི་མི་སྣ་དང་འབྲེལ་འདྲིས་དང་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་ཧུར་ཐག་སྒོས་འགལ་བ་དང་རྩོད་གཞི་ཞི་འཇགས་སུ་གཏོང་དགོས་པར་མ་ཟད། སེམས་ཤུགས་གཅིག་སྒྲིལ་སྒོས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།ཝུན་ཅ་པའོ་ཡིས་ལེང་ཀྲིན་དབྱིན་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་པས་ཞང་ཀང་སྐྱོང་བ། ཚད་མཐོན་པོས་རང་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གཞི་རྩའི་བཅའ་ཁྲིམས་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣར་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ་དང་། ཕན་ནུས་ལྡན་པའི་བྱ་བ་བཟང་བོར་བསྒྲུབ་ནས་ཞང་ཀང་གི་མང་ཚོགས་ལ་རྣམ་པ་གསར་བ་དང་རེ་བ་ཆེན་པོ་མཐོང་དུ་འཇུག་དགོས་པའི་ཐུགས་རེ་བཏོན།ལེང་ཀྲིན་དབྱིན་གྱིས་ཀྲུང་དབྱང་སྲིད་གཞུང་གིས་ཁོ་རང་སྲིད་འཛིན་དཔོན་པོར་བདམས་པར་བཀའ་དྲིན་ཞུས་པར་མ་ཟད། འགན་འཁྲི་བརྩི་སྲུང་ནན་མོ་བྱེད་པ་དང་སྟོབས་ཤུགས་ཡོད་རྒུས་བྱ་བ་བསྒྲུབ་པ། ཀྲུང་དབྱང་སྲིད་གཞུང་དང་ཞང་ཀང་སྡོད་དམངས་ཀྱི་ཡིད་ཆེས་དང་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཚུལ་བསྟན། བང་ཆི་ཧྲན་དང་ལིག་ཡན་ཏུང་། མ་ཁའེ་སོགས་མཇལ་འཕྲད་ལ་ཞུགས།
 


 

  • ལེ་ཚན་སྔོན་མ།:ཡུན་ནན་བདེ་ཆེན་གྱི་དམངས་ཁྲོད་འབའ་གཞས་གླུ་ཚིག《གཤོག་རྩལ་ངོམ་པའི་གངས་རི》འགྲེམ་སྤེལ་གནང་བ།
  • ལེ་ཚན་རྗེས་མ།:རྨ་ཙོང་འབབ་ཡུལ་གྱི་སྐབས་དང་པོའི་རྒྱལ་སྤྱིའི་དམངས་ཁྲོད་མདའ་འཕེན་གདན་ཞུ་འགྲན་སྡུར་ཟླ7པར་སྤེལ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།