ཆ་འཕྲིན་ཅན་གྱི་ཚན་རྩལ་སྤྱད་དེ་གནའ་བོའི་བོད་ཀྱི་རིག་གནས་ཁྱབ་སྤེལ་བྱེད་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-09-20

ཆ་འཕྲིན་ཅན་གྱི་ཚན་རྩལ་སྤྱད་དེ་གནའ་བོའི་བོད་ཀྱི་རིག་གནས་ཁྱབ་སྤེལ་བྱེད་པ།
བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་འཁོར་ཆེད་ལས་ཀྱི་དགེ་རྒན་ཆེན་མོ་ཉི་མ་
བཀྲ་ཤིས་ཀྱིས་དྲ་རྒྱའི་འཕྲིན་གཏོང་སྒྲིག་ཆས་ཚོད་ལྟ་བྱེད་བཞིན་པ།

        བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་འཁོར་ཆེད་ལས་ཀྱི་དགེ་རྒན་ཆེན་མོ་ཉི་མ་བཀྲ་ཤིས་ནི་བོད་ཡིག་སྒྲིག་ཨང་ཚད་ལྡན་གཏན་འབེབས་བྱེད་པའི་གདོང་ལེན་པ་ཞིག་ཡིན་ལ། ཁོས1997ལོའི་ཟླ7པར་སྒྲིག་བཟོ་གནང་བའི《བོད་ཡིག་སྒྲིག་ཨང་ཡིག་རྟགས་ཚོགས་སྤྱི་ལས་ཆ་འཕྲིན་བརྗེ་སྤྱོད་བྱེད་པ》ཞེས་པ་རྒྱལ་སྤྱིའི་ཚད་ལྡན་ཅན་རྩ་འཛུགས་ཀྱི་ཞིབ་བཤེར་གོ་རིམ་བརྒྱུད་དེ་རྒྱལ་སྤྱིའི་ཚད་གཞི་རུ་གཏན་འཁེལ་བྱས་པར་བརྟེན།  བོད་ཡིག་ནི་རང་རྒྱལ་དུ་ཐོག་དང་པོར་ཆ་འཕྲིན་བརྗེ་སྤྱོད་སྒྲིག་ཨང་རྒྱལ་སྤྱིའི་ཚད་གཞི་སྒྲིག་བཟོ་ལེགས་འགྲུབ་བྱུང་བའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་རུ་གྱུར། འདིས་རང་རྒྱལ་ལ་རྒྱལ་སྤྱིའི་བོད་ཡིག་སྒྲིག་ཨང་ཚད་གཞི་གཏན་འབེབས་ཀྱི་ཁྱབ་ཁོངས་སུ་གཙོ་ཁྲིད་ཀྱི་གོ་གནས་ཟིན་པར་བྱས།

ཆ་འཕྲིན་ཅན་གྱི་ཚན་རྩལ་སྤྱད་དེ་གནའ་བོའི་བོད་ཀྱི་རིག་གནས་ཁྱབ་སྤེལ་བྱེད་པ།
བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་འཁོར་ཆེད་ལས་ཀྱི་དགེ་རྒན་ཆེན་མོ་ཉི་མ་
བཀྲ་ཤིས་དང་རུ་མི་རྣམས་དཔེ་མཛོད་ཁང་ནས་སྒོར་འབུད་པ།

        ཁོ་བོ་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གི་རྨང་འདིང་མཁན་ཡིན་པའི་ཆ་ནས། ཁོས1992ལོར་བོད་ལྗོངས་སུ་ཐོག་དང་པོར་དངོས་སྤྱོད་ལྡན་པའི“TCEབོད་རྒྱ་དབྱིན་གསུམ་གྱི་ཆ་འཕྲིན་དག་སེལ་མ་ལག”ཚན་ཞིབ་སྔོག་འདོན་བྱས།  དེ་མིན་རིག་ལྡན་འགུལ་སྤོ་ཁ་པར་ཉེར་སྤྱོད་མ་ལག་རྨང་གཞི་བྱས་པའི་བོད་ཡིག་མཉེན་ཆས་ཐུམ་ཉིད་ཚན་ཞིབ་སྔོག་འདོན་བྱས་ཏེ་བོད་ཡིག་འགུལ་སྤོ་ཁ་པར་གྱིས་ཉེར་སྤྱོད་མ་ལག་མང་པོ་མངོན་འགྱུར་བྱེད་མི་ཐུབ་པ་དང་། འཕྲུལ་རྟགས་མང་པོ་ཁེབས་པའི་ལག་རྩལ་དཀའ་ཁག་སོགས་ཐག་གཅོད་བྱས།
        ཉེ་ལམ། ཁོ་བོས་བོད་རྒྱའི་ལག་འཁྱེར་འཕྲུལ་ཆས་ལོ་ཙཱའི་གལ་ཆེའི་ལག་རྩལ་དང་། བོད་ཡིག་བརྡ་སྤྲོད་སྦྱོར་ཀློག་རྣམ་པའི་སྐད་རིགས་གསལ་འབྱེད་སོགས་བོད་ཡིག་ཆ་འཕྲིན་ལག་རྩལ་ཁྱབ་ཁོངས་ཀྱི་ཞིབ་འཇུག་བྱེད་འགོ་བརྩམས་ཤིང་། དེང་རབས་ཆ་འཕྲིན་ལག་རྩལ་སྤྱད་དེ་གནས་བོའི་བོད་ཀྱི་རིག་གནས་ཁྱབ་སྤེལ་བྱེད་པར་གཞུང་ལུགས་ཀྱི་རྨང་འདིང་བ་རེད། 

  • ལེ་ཚན་སྔོན་མ།:བོད་ཀྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས《གཡང་མདའ》ཞེས་པའི་གློག་བརྙན་ཕབ་འཆར་ཡོད་པ།
  • ལེ་ཚན་རྗེས་མ།:ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སློབ་མའི་ཞོར་ཟས་གཏན་འགོག་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།