ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-09-20
མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་དུ《གཡང་མདའ》ཞེས་པའི་གློག་
བརྙན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས་པ།
རྒྱུས་ལོན་པ་ལྟར་ན། མིག་སྔར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་དུ《གཡང་མདའ》ཞེས་པའི་གློག་བརྙན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས་ཤིང་། གློག་བརྙན་འདི་ནི་བོད་ཀྱི་མིང་གྲགས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གདན་འདྲེན་ཞུས་ཏེ་གློག་བརྙན་ཕབ་སྐྲུན་བྱ་རྒྱུ་ཡིན་པ་རེད།
བོད་སྐད་གློག་བརྙན《གཡང་མདའ》ཞེས་པ་འདི་ནི་གཅན་ཚའི་བོད་ཀྱི་གནའ་བོའི་སྲོལ་རྒྱུན་རིག་གནས་དང་དེང་རབས་དཔལ་ཡོན་གཞིར་བཟུང་བ་དང་། ལོ་རྒྱུས་ཀྱི་འགྱུར་ལྡོག་ཁྲོད་བྱུང་བའི་འོད་སྟོང་འབར་བའི་རིག་གནས་བརྗོད་དོན་དུ་བྱེད་ཅིང་། རྒྱལ་སྤྱིིའི་གཡང་མདའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་འདྲེན་འགྲན་བསྡུར་དམིགས་སུ་བཟུང་སྟེ་གཏམ་རྒྱུད་བརྗོད་པ་དང་། གློག་བརྙན་སྒྱུ་རྩལ་གྱི་ཁྱད་ཆོས་དང་ཟུང་སྦྲེལ་སྒོས་གཙན་ཚ་རྫོང་གི་ཁྱད་དུ་འཕགས་པའི་སྲོལ་རྒྱུན་རིག་གནས་ལས་གཞི་ཉིད་སྔར་ལས་ལྷག་པར་ས་ཁྱབ་རྡོ་ཁྱབ་དང་རིག་གནས་ཀྱི་མཚན་བྱང་རིན་ཐང་སྐྲུན་ཏེ་ས་གནས་འདིའི་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་དང་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་ཆེན་པོ་ཐོན་ངེས་པ།
བོད་ཀྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས《གཡང་མདའ》ཞེས་པའི་གློག་བརྙན་གྱི་
གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་གཏམ་བཤད་གནང་བ།
གློག་བརྙན་འདི་ནི་གཙན་ཚ་རྫོང་གངས་ཆབ་རེ་འོད་གནས་སྐོར་སྔོག་འདོན་ཚད་ཡོད་ཀུང་ཟིས་མ་དངུལ་བཏང་བ་དང་། པེ་ཅིང་ཧི་མ་ལ་ཡའི་གློག་བརྙན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིས་སྒྲིག་བཟོ་ཕབ་སྐྲུན་བྱེད་པ་ཡིན། སྤྱིའི་མ་དངུལ་སྒོར་ས་ཡ་དགུ་དང་འབུམ་དྲུག(སྒོར་ཁྲི960)བཏང་ཞིང་། མིག་སྔར་ཕབ་སྐྲུན་གྱི་དུས་སྔོན་བྱ་བ་སྒྲུབ་བཞིན་པའི་སྒང་ཡིན་ལ། སྔོན་དཔག་བྱས་པ་ལྟར་ན2013ལོའི་ལོ་མཇུག་ཏུ་གཟིགས་མོ་བ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་བསྟར་སྲིད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10