བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་འགོ་ཚུགས་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-09-20

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་འགོ་ཚུགས་པ།
བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་འགོ་ཚུགས་པ། 

         ཟླ9བའི་ཚེས17ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོབ་ལས་གཞི་འགོ་ཚུགས་པའི་མཛད་སྒོ་དེ་བླ་བྲང་དགོན་པར་གཟབ་རྒྱས་ངང་བསྡུས། འབྲེལ་ཡོད་འགོ་ཁྲིད་རྣམས་ཐེངས་འདིའི་མཛད་སྒོ་ལ་ཞུགས་ཡོད་པ་དང་། ཀན་སུའུ་ཞིང་ཆེན་ཞིང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་འགོ་གཙོ་ཚེ་བྷས་མཛད་སྒོར་མདོ་འཛིན་མཛད། ཐེངས་འདིའི་མཛད་སྒོ་ལས་བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་དངོས་སུ་འགོ་བརྩམས་པ་མཚོན།
         རྒྱུས་ལོན་པ་ལྟར་ན། མི་འགྱངས་བར་ལག་ལེན་དུ་བསྟར་ངེས་པའི་བླ་བྲང་རིག་རྫས་བསྐྱར་སྐྲུན་དང་སྲུང་སྐྱོང་ལས་གཞི་འཛུགས་སྐྲུན་དུ་རིག་རྫས་སྲུང་སྐྱོང་དང་། དགོན་པའི་རྨང་གཞི་སྒྲིག་ཆས་བཅོས་སྒྱུར། དགོན་པའི་རིག་རྫས་འགྲེམ་སྟོན་དང་ཡུལ་སྐོར་ཞབས་ཞུ་མཐུན་སྡེབ་སྒྲིག་ཆས་འཛུགས་སྐྲུན་བཅས་ཁག་གསུམ་འདུས།

  • ལེ་ཚན་སྔོན་མ།:ཡར་ཀླུང་གཙང་བོའི་གྲོག་རོང་ཆེན་མོའི་རིག་གནས་གནས་སྐོར་དུས་ཆེན་ཟླ10བའི་ཚེས5ཉིན་སྤེལ་ངེས།
  • ལེ་ཚན་རྗེས་མ།:བོད་ཀྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས《གཡང་མདའ》ཞེས་པའི་གློག་བརྙན་ཕབ་འཆར་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།