ཞི་ཅིན་ཕེན་གྱིས་མོ་ཞི་ཁོའི་ཕྱི་འབྲེལ་དཔོན་པོར་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་།    2012-04-09

ཞི་ཅིན་ཕེན་གྱིས་མོ་ཞི་ཁོའི་ཕྱི་འབྲེལ་དཔོན་པོར་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་རུ་མོ་ཞི་ཁོའི་ཕྱི་འབྲེལ་དཔོན་པོ་ཨད་སི་ཕེ་ནོ་སཱ་ལ་མཇལ་འཕྲད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་རུ་ཀྲུང་གོ་དང་མོ་ཞི་ཁོའི་སྲིད་གཞུང་བར་གྱི་རྒྱལ་ཁབ་གཉིས་ཀྱི་རྒྱུན་བཙུགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་སུ་ཡོང་བའི་མོ་ཞི་ཁོའི་ཕྱི་འབྲེལ་དཔོན་པོ་ཨད་སི་ཕེ་ནོ་སཱ་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་མོ་ཞི་ཁོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་འགྲོ་འོང་ཆུ་བོའི་རྒྱུན་བཞིན་རིང་བ་དང་། 2003ལོར་ཀྲུང་གོ་དང་མོ་ཞི་ཁོ་ཡིས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་གསར་བ་ཞིག་ཏུ་བསླེབས་ཤིང་། ཀྲུང་གོས་ཀྲུང་གོ་དང་མོ་སི་ཁོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཀྱིན་ཡོད་ལ། མིག་སྔར་རྒྱལ་སྤྱིའི་རྣམ་པར་མུ་མཐུད་དུ་རྙོག་འཛིང་དང་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་མྱུར་ཚད་དལ་བའི་རྒྱབ་ལྗོངས་འོག ཕྱོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་མུ་མཐུད་དུ་སྲ་བརྟན་དང་གཏིང་ཟབ་ཏུ་སྤེལ་ན། རྒྱལ་ཁབ་གཉིས་མཉམ་དུ་དར་རྒྱས་ཡོང་བར་ཕན་པ་མ་ཟད། ད་རུང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཇེ་དྲག་ཏུ་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་ཡང་དོན་སྙིང་གལ་ཆེན་ལྡན། ཀྲུང་གོས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པ་གོ་སྐབས་སུ་བཟུང་ཞིང་། མོ་ཞི་ཁོ་དང་མཉམ་དུ་ཧུར་བརྩོན་བྱས་ནས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་ཡིན། དེ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཨུ་ཡོན་ལྷན་ཁང་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་སྒྲིག་སྲོལ་བེད་སྤྱོད་བཟང་བོ་བྱས་ནས2011ལོ་ནས2015ལོའི་ཐུན་མོང་གི་འགུལ་སྐྱོད་འཆར་གཞི་ལག་བསྟར་བཟང་བོ་བྱེད་པ་དང་། ཁྱབ་ཁོངས་ཁག་ནས་གཉིས་ཕན་མཉམ་ལས་བཟང་བོ་བྱས་ནས་ཀྲུང་གོ་དང་མོ་ཞི་ཁོ་ཡི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་། བརྟན་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བཟང་བོའི་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། ཨད་སི་ཕེ་ནོ་སཱ་ཡིས་བསྟན་དོན། མོ་ཞི་ཁོ་ཡིས་ཀྲུང་གོའི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོས་མོ་ཞི་ཁོ་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ལོ་སི་ཁཱ་ཝོ་སི་མཐོ་རིམ་གྲོས་ཚོགས་སྒྲུབ་འགན་ཁས་ལེན་བྱེད་དུས་མོ་ཞི་ཁོ་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་པ་དང་། མོ་ཞི་ཁོ་ཡིས་ཀྲུང་གོ་དང་མུ་མཐུད་དུ་མཐུན་སྦྱོར་དང་གཞོགས་འདེགས་གང་ལེགས་བྱས་ཏེ། ཕྱོགས་གཉིས་ཀྱི་ཆབ་སྲིད་དང་འབྱོར་ཚོང་། རིག་གནས་སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་མུ་མཐུད་དུ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

  • ལེ་ཚན་སྔོན་མ།:ཀྲུང་གོ་དང་འཇར་པན་ཧན་ཀོ་གསུམ་གྱིས་ཕྱི་འབྲེལ་པུའུ་ཀྲང་གི་གྲོས་ཚོགས་བསྡུས་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་མ་ཎི་རྡོ་བརྐོས》ཞེས་པ་པར་བསྐྲུན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།