བདེ་ཆེན་མཚོ། 2012-04-09
ཧྥིན་ཧྲའོ་ཧའི་བརྩམས་ཆོས《བོད་ཀྱི་མ་ཎི་རྡོ་བརྐོས》
ཉེ་སྔོན། བོད་ཁམས་ཀྱི་ལྐོག་གྱུར་གྱི་མ་ཎི་རྡོ་བརྐོས་སྒྱུ་རྩལ་བརྗོད་པའི་དཔེ་དེབ་སྟེ《བོད་ཀྱི་མ་ཎི་རྡོ་བརྐོས》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ་རེད།
དཔེ་དེབ་འདིའི་རྩོམ་པ་པོ་ཧྥིན་ཧྲའོ་ཧ་ནི་ཅི་ནན་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་ཞིག་ཡིན་ཞིང་། ཁོང་གིས་བགྲང་བྱ་ཉི་ཤུ་ལྷག་གི་རིང་དུ་བོད་ཁམས་ཀྱི་ཡུལ་མང་པོར་ཕྱིན་ནས་མ་ཎི་རྡོ་བརྐོས་རྟོག་ཞིབ་དང་འཚོལ་བསྡུ་བྱས་ནས་དཔེ་དེབ་འདི་བསྒྲིགས་པ་ཡིན།
དཔེ་དེབ་འདིའི་པར་བསྐྲུན་གྱིས་བོད་རིག་པའི་རིག་གཞུང་ཁྱབ་ཁོངས་སུ་མ་ཎི་རྡོ་བརྐོས་ཀྱི་ཞིབ་འཇུག་མེད་པའི་སྟོངས་ཆ་བསྐངས་བས། བོད་ཀྱི་རིག་གནས་ཞིབ་འཇུག་དང་དར་སྤེལ་གཏོང་བར་རྒྱུ་ཆ་གལ་ཆེན་ཞིག་འདོན་སྤྲོད་བྱས་ཤིང་། བྱེ་བྲག་ཏུ་བོད་ཀྱི་རིག་གནས་སྒྱུ་རྩལ་ལ་དགའ་ཞེན་ཆེ་བའི་གནས་སྐོར་བ་རྣམས་ལ་རྡོ་བརྐོས་རིག་གནས་རྒྱུས་ལོན་བྱེད་པར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་པ་རེད། དཔེ་དེབ་འདིའི་ནང་དུ་ཡིག་གྲངས་འབུམ3ལྷག་དང་མཛེས་རིས949ལྷག་སྤེལ་མར་བཀོད་འདུག་པས། ཉར་ཚགས་དང་རོལ་མྱོང་གི་རིན་ཐང་ལྡན་ཞིང་། མཐོ་སྒང་གི་ཁྱད་དུ་འཕགས་པའི་མ་ཎི་རྡོ་བརྐོས་ཀྱི་མཛེས་ལྗོངས་ཤིག་ང་ཚོའི་མིག་མདུན་དུ་མངོན་འོང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10