ཨ་ཅག་ཚན་སྡེབ་ཀྱི་བོད་སྐད་གླུ་གཞས་ཆེད་བསྒྲིགས་ཕབ་སྐྲུན་བྱས་ནས་འགྲེམ་ལ་ཉེ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-04-06

ཨ་ཅག་ཚན་སྡེབ་དེ་སྔོན་གྱི<<ཨ་ཅག   ཟློ་ངོགས་སུ་བསྐྱོད་པ>>ཞེས་པའི་གླུ་གཞས་ཆེད་བསྒྲིགས་ཀྱི་འགྲེམ་སྤེལ་ལས་ལ་བྲེལ་ཚར་རྗེས།ཉེ་ལམ་ཕབ་སྐྲུན་བྱས་ཏེ་འགྲེམ་སྤེལ་བྱེད་ལ་ཉེ་བའི་བོད་སྐད་གླུ་གཞས་ཆེད་བསྒྲིགས<<ཨ་ཅག   བཀྲ་ཤིས་གཡང་ལ་འཐིམ>>གྱི་ལས་ལ་གཞོལ།<<ཨ་ཅག   བཀྲ་ཤིས་གཡང་ལ་འཐིམ>>ཞེས་པའི་ནང་བརྩེ་གླུ་དང་ཕ་ཡུལ་ལ་བསྟོད་པའི་འགྱུར་ཁུག་སྙན་མོ་གཙོར་བྱས་ཤིང་། ཆེད་བསྒྲིགས་ཡོངས་སུ་བོད་ཀྱི་འཚོ་བའི་རྣམ་པར་བསྔགས་བརྗོད་དཔྱིས་ཕྱིན་པ་ཞིག་བྱས་ཡོད། ཚན་སྡེབ་འདིའི་རང་བྱུང་གི་གླུ་སྐད་སྙན་མོ་དང་གསོན་ཉམས་ལྡན་པའི་གར་སྟེགས་སྒྱུ་རྩལ་གྱིས་གླུ་གཞས་ལ་དུངས་བའི་མི་གང་མང་ཞིག་གི་ཡིད་དབང་རབ་ཏུ་བཀུག་པས།ཚན་སྡེབ་འདིར་གཟིགས་རྟོགས་དང་དགའ་བསུ་བྱེད་མཁན་སྔ་ན་མེད་པར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག

ཨ་ཅག་ཚན་སྡེབ་ཀྱི་བོད་སྐད་གླུ་གཞས་ཆེད་བསྒྲིགས་ཕབ་སྐྲུན་བྱས་ནས་འགྲེམ་ལ་ཉེ།
ཨ་ཅག་ཚན་སྡེབ།

  • ལེ་ཚན་སྔོན་མ།:ཅིན་སྡོད་བོད་མིའི་སྲུང་བཙན་སྐྱེས་བུམ་སྤོ་ལོའི་འགྲན་བསྡུར་དེ་ཀྲུང་དབྱང་མི་རིགས་སློབ་གྲྭར་སྤེལ།
  • ལེ་ཚན་རྗེས་མ།:ཀྲུང་གོ་དང་འཇར་པན་ཧན་ཀོ་གསུམ་གྱིས་ཕྱི་འབྲེལ་པུའུ་ཀྲང་གི་གྲོས་ཚོགས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།