ཅིན་སྡོད་བོད་མིའི་སྲུང་བཙན་སྐྱེས་བུམ་སྤོ་ལོའི་འགྲན་བསྡུར་དེ་ཀྲུང་དབྱང་མི་རིགས་སློབ་གྲྭར་སྤེལ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-04-06

ཅིན་སྡོད་བོད་མིའི་སྲུང་བཙན་སྐྱེས་བུམ་སྤོ་ལོའི་འགྲན་བསྡུར་དེ་ཀྲུང་དབྱང་མི་རིགས་སློབ་གྲྭར་སྤེལ།

                 མཛད་སྒོ་སྟེང་སྐོར་བྲོ་འཁྲབ་པ།
ཟླ4བའི་ཚེས3ཉིན་གྱི་སྔ་དྲོ། སྲུང་བཙན་སྐྱེས་བུམ་རྩ་འཛུགས་ཨུ་ཡོན་ཚོགས་པས་གཙོ་སྒྲུབ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མའི་ཚོགས་པས་རོགས་སྒྲུབ་གནང་བའི་སྐབས་ཉི་ཤུ་བའི“སྲུང་བཙན་སྐྱེས་བུམ”སྤོ་ལོ་འགྲན་བསྡུར་གྱི་འགོ་རྩོམ་མཛད་སྒོ་དེ་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་སྤེལ་བ་རེད།

ཅིན་སྡོད་བོད་མིའི་སྲུང་བཙན་སྐྱེས་བུམ་སྤོ་ལོའི་འགྲན་བསྡུར་དེ་ཀྲུང་དབྱང་མི་རིགས་སློབ་གྲྭར་སྤེལ།

                                   “སྲུང་བཙན་སྐྱེས་བུམ”འགོ་རྩོམ་མཛད་སྒོ་དེ་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་སྤེལ།
པེ་ཅིན་བོད་འབྲེལ་ལས་ཁུངས་སོ་སོ་དང་རྒྱལ་སའི་མཐོ་རིམ་སློབ་ཆེན་དག་གི་མི100ལ་ཉེ་བ་ལྷག་ཐེངས་འདིའི་མཛད་སྒོར་ཞུགས། རྒྱུས་ལོན་པ་ལྟར་ན།བསྡོམས་པས་ཐེངས་འདིར་འགྲན་ཞུགས་རུ་ཁག21ཡོད་པ་དང་།  ཟླ་གཅིག་ལ་ཉེ་བའི་རིང་ཁོ་ཚོས་ཕན་ཚུན་ལ་ཛ་དྲག་གི་འགྲན་རྩོད་བྱས།

ཅིན་སྡོད་བོད་མིའི་སྲུང་བཙན་སྐྱེས་བུམ་སྤོ་ལོའི་འགྲན་བསྡུར་དེ་ཀྲུང་དབྱང་མི་རིགས་སློབ་གྲྭར་སྤེལ།

                                                      ཀྲུང་གོའི་བོད་རྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་མི་རིགས་དཔེ་སྐྲུན་ཁང་གཉིས་འགྲན་བསྡུར་བྱེད་པ།
མཐུན་སྒྲིལ་དང་།མཛའ་བརྩེ།སྔོན་བསྐྱོད་བཅས་བརྗོད་བྱར་བཟུང་བའི་སྲུང་བཙན་སྐྱེས་བུམ་སྤོ་ལོའི་འགྲན་བསྡུར་དེ1989ལོ་ནས་སྤེལ་འགོ་བརྩམས་ཤིང་།   ད་སྔའི་བར་ལོ་ཉི་ཤུའི་ལོ་རྒྱུས་ལྡན་པ་རེད།
  • ལེ་ཚན་སྔོན་མ།:ཉིང་ཁྲིའི་སྐབས་བཅུ་པའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ཨ་ཅག་ཚན་སྡེབ་ཀྱི་བོད་སྐད་གླུ་གཞས་ཆེད་བསྒྲིགས་ཕབ་སྐྲུན་བྱས་ནས་འགྲེམ་ལ་ཉེ།
  • དོ་སྣང་ཆེ་བའི་རྩོམ།