བོད་ལྗོངས་རླུང་འཕྲིན། 2012-04-06
སྐབས་བཅུ་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་གཙོ་སྐྱོང་པ།
ཉིང་ཁྲིའི་ཁམ་བུའི་མེ་ཏོག
ཉིང་ཁྲིའི་སྐབས་བཅུ་པའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སྟེང་གི་རིག་རྩལ་འཁྲབ་སྟོན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲིའི་སྐབས་བཅུ་པའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སྤྱི་ཚེས1ཉིན་འགོ་ཚུགས་པ་དང༌། རང་སྐྱོང་ལྗོངས་ཀྱི་དབུ་འཁྲིད་པད་མ་འཕྲིན་ལས་དང་ཏེང་གཡས་ཤན། ཀོང་ཏུང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཤུན་ཀྲང་བཅས་འགོ་འཛུགས་མཛད་སྒོར་ཕེབས་ཡོད་པ་མ་ཟད། ཉིང་ཁྲིའི་སྐབས་བཅུ་པའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡོལ་བ་ཕྱེ་པ་རེད།
ཏེང་གཡས་ཤན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གནང་བ་དང༌། ཁོང་གིས་དེང་སྐབས་རང་ལྗོངས་ཀྱིས་བོད་ལྗོངས་འདི་ཉིད་འཛམ་གླིང་ཡུལ་སྐོར་ཁུལ་གལ་ཆེན་དུ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། འཛམ་གླིང་ཡང་རྩེ་དང་ངོ་མཚར་བོད་ལྗོངས་ཀྱི་ཡུལ་སྐོར་གཙོ་དོན་གཟུགས་བརྙན་བཟང་པོ་གཏོད་བཞིན་ཡོད་པས་བོད་ལྗོངས་ཡུལ་སྐོར་གྱི་སྣེ་འདྲེན་ཡིན་པའི་ཉིང་ཁྲི་ས་ཁུལ་ལ་གཞན་ན་མེད་པའི་དགེ་མཚན་ལྡན་ཡོད་ཅིང་ཉིང་ཁྲི་ས་ཁུལ་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ད་ཐེངས་ཀྱི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གོ་སྐབས་བཟང་པོར་བརྟེན་ནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་སྔར་ལས་ལྷག་པ་བྱེད་པ་དང་ཡུལ་སྐོར་སྤེལ་རེས་མཉམ་ལས་དང་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྩེར་སོན་དང་རྩེ་གྲ། ཁྱད་ལྡན་བཅས་ཀྱི་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་བསྐྱོད་པ་བཅས་བྱས་ནས། ཉིང་ཁྲིའི་ཡུལ་སྐོར་གྱི་གཙོ་དོན་གཟུགས་བརྙན་བཟང་པོ་ཧུར་ཐག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་དང་སྦྲགས། རང་སྐྱོང་ལྗོངས་ཀྱིས་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་པ། དེ་བས་གཟིགས་སྐྱོང་གི་སྲིད་ཇུས་བཟུང་བ་བཅས་བྱས་ཏེ་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་རྒྱུར་ཁོར་ཡུག་བཟང་པོ་གཏོད་པ་དང་གལ་ཆེའི་འཛམ་གླིང་ཡུལ་སྐོར་ཁུལ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ནས། བོད་ཀྱི་ཡུལ་སྐོར་ལས་རིགས་མཆོངས་བསྐྱོད་ལྟ་བུའི་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10