འདས་མཆོད་དུས་ཆེན་སྐབས་སུ་སྐུ་འབུམ་དགོན་པ་རུ་གནས་སྐོར་བ་དང་དད་ལྡན་མང་ཚོགས་མང་།
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 2012-04-06
ཟླ4བའི་ཚེས3ཉིན་ནི་འདས་མཆོད་དུས་ཆེན་ཀྱི་ཉིན་གཉིས་པ་ཡིན་ལ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་ཁོངས་སུ་ཆགས་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་ཆེན་ཏེ་སྐུ་འབུམ་དགོན་པར་གནས་སྐོར་བ་དང་དད་ལྡན་མང་ཚོགས། མཇལ་བ་སོགས་མང་པོ་སླེབས། སྐུ་འབུམ་དགོན་པ་ནི་མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་གྲས་ཀྱི་གཅིག་ཡིན་ལ། དགོན་པའི་ནང་དུ་ཁྱད་མཚར་བའི་ལྡེབས་བྲིས་དང་བརྩེགས་དྲུབ། མེ་ཏོག་མཆོད་མཇལ་བཅས“སྒྱུ་རྩལ་མཆོག་གསུམ”ཡོད། །