རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། ཞིན་ཧྭ་དྲ་བ 2012-04-06
མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་ཧོང་ཡོན་གྱིས་མཚམས་སྦྱོར་བྱེད་རྒྱུར། མཚོ་སྔོན་ནི་ཀྲུང་གོའི་ཆེས་ཆེ་བའི་འབྲོག་ཁུལ་ལྔའི་གྲས་ཡིན་པའི་ཆ་ནས། མཚོ་སྔོན་ལ་རང་བྱུང་རྩྭ་སའི་ཐོན་ཁུངས་མུའུ་དུང་ཕྱུར5.47ཡོད་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི50%ཟིན་ཡོད། དེ་བས་ཉེ་བའི་ལོ་འགའི་རིང་མི་གྲངས་ཇེ་མང་དང་ཚད་བརྒལ་གྱིས་ཕྱུགས་འཚོ་བ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་མིག་སྔར་མ་མཐའ་ཡང་རྩྭ་ས་མུའུ་དུང་ཕྱུར2.5ལ་འབྲིང་རིམ་ཡན་གྱི་རྩྭ་ས་ཞན་འགྱུར་གྱི་རྣམ་པ་བྱུང་བས། འདིས་མཚོ་སྔོན་གྱི་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གནད་དོན་གཙོ་བོར་གྱུར་ཡོད་པ་མ་ཟད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་ཉེན་ཁ་ཐེབས་ཡོད།
ཀྲང་ཧོང་ཡོན་གྱིས་གསར་འགོད་པས་བཤད་རྒྱུར། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཁུལ6ཏུ་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་ལམ་ལུགས་བཙུགས་ཡོད་པ་དང་། བཀོལ་སྤྱོད་བྱས་ཆོག་པའི་རྩྭ་ས་མུའུ་དུང་ཕྱུར4.74ཁྱབ་ཅིང་འབྲོག་པ་མང་ཚོགས་མི་ཁྲི75ལ་ཕན་ཁེ་བསྐྲུན་ཡོད། ཐེངས་འདིར་བཏང་བའི་ཆེད་སྤྱོད་བྱ་དགའི་མ་དངུལ་སྒོར་དུང་ཕྱུར19.47ལས་མང་ཆེ་བ་འབྲོག་དམངས་ཀྱིས་རང་བྱུང་རྩྭ་སར་ཕྱུགས་འགོག་པའི་ཐད་ལ་བྱ་དགའ་སྟེར་རྒྱུ་ཡིན་པ་དང་། དེས་མ་མཐའ་ཡང་རང་བྱུང་རྩྭ་ས་མུའུ་དུང་ཕྱུར2.4ལ་སྲུང་སྐྱོབ་ཐོབ་ཐུབ་པ་དང་། དུས་ཡུན་ལོ3རིང་ཚད་བརྒལ་ཕྱུགས་ཟོག་ཁྲི600ལྷག་ཇེ་ཉུང་དུ་བཏང་སྟེ་གཞི་རྩའི་སྟེང་རྩྭ་ཕྱུགས་དོ་མཉམ་མངོན་འགྱུར་བྱེད་རྒྱུ་ཡིན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10