བོད་ལྗོངས་ཀྱིས་གསར་གཏོད་ཡུལ་སྐོར་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་བསྐྲུན་ནས་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་བྱེད་པ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2012-04-05

བོད་ལྗོངས་ཀྱིས་གསར་གཏོད་ཡུལ་སྐོར་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་བསྐྲུན་ནས་མི་རིགས་ཀྱི་རིག་གནས་རྒྱུད་འཛ
ཐོན་མི་གླིང་བོད་ཀྱི་སྒྱུ་རྩལ་རིག་གནས་སྟོན་ཚོགས་གླིང་གི་ལས་གཞིའི་ངོས་སྙོམས་རི་མོ།
 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་ནས་སྟག་རྩེ་བཟོ་ལས་གླིང་བར་གྱི་རྒྱལ་ལམ318ཀྱི་འགྲམ་དུ་ས་ཆ་ཡུག་གཅིག་ལ་གྱང་དཀར་པོས་བསྐོར་བའི་ངོས་སུ“ཐོན་མི་གླིང་བོད་ཀྱི་སྒྱུ་རྩལ་རིག་གནས་སྟོན་ཚོགས་གླིང”ཞེས་བྲིས་ཡོད་པ་དང་། གནས་དེ་ནི་ཐོན་མི་གླིང་བོད་ཀྱི་སྒྱུ་རྩལ་རིག་གནས་སྟོན་ཚོགས་གླིང་གི་བསྐྲུན་ཡུལ་རེད།ལས་གཞི་དེ་ཡིས2014ལོའི་ལོ་མཇུག་ཏུ་རྒྱལ་ཁབA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བསྐྲུན་ནས་འགྲུབ་པར་བྱ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་ལོར་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི380དང་།ལོའི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར2ཡན། འབྲེལ་ཡོད་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3.8བཅས་ལོན་རྒྱུ་དང་། ལས་གནས1000མཁོ་འདོན་བྱ་རྒྱུ་རེད།  ཐོན་མི་གླིང་བོད་ཀྱི་སྒྱུ་རྩལ་རིག་གནས་སྟོན་ཚོགས་གླིང་གི་ལས་གཞི་གསར་སྤེལ་དང་འཛུགས་སྐྲུན་བྱས་པ་བརྒྱུད་བོད་ཀྱི་མི་རིགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ཤུགས་རྐྱེན་དང་སྒྲོག་སྤེལ་གྱི་ཕན་འབྲས་ཆེན་པོ་འབྱུང་ངེས་པར་མ་ཟད། རིག་གནས་ཐོན་ལས་ཀྱི་དཔེ་སྟོན་འདུ་འགོད་ཅིག་ཆགས་ནས་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་བཟང་པོ་ཐོན་ངེས་རེད། 

  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་ལོན་ཏོན་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སུ་བདམས་པའི་བོད་རིགས་བུད་མེད་ལུས་རྩལ་པ་གཅིག་པུ་ཆ
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་གིས་རྣམ་པ་གསར་བའི་ཞིང་སྡེ་མཉམ་ལས་ས
  • དོ་སྣང་ཆེ་བའི་རྩོམ།