རང་རྒྱལ་གྱི་ལོན་ཏོན་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སུ་བདམས་པའི་བོད་རིགས་བུད་མེད་ལུས་རྩལ་པ་གཅིག་པུ་ཆོས་དབྱིངས་སྐྱིད་མཚན་སྙན་དང་བཅས་ཏེ་ཕྱིར་ཟི་ལིང་དུ་ལོག་པ།

        2012-04-05

རང་རྒྱལ་གྱི་ལོན་ཏོན་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སུ་བདམས་པའི་བོད་རིགས་བུད་མེད་ལུས་རྩལ་པ་གཅིག་པུ་ཆ
 ཆོས་དབྱིངས་སྐྱིད་མཚན་སྙན་དང་བཅས་ཏེ་ཕྱིར་ཟི་ལིང་དུ་ལོག་པར་དགའ་བསུ་ཆེན་པོ་ཐོབ་པ།
 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཅང་སུའུ་ཞིང་ཆེན་གྱི་ཐའེ་ཚང་ནས་བསྡུས་པའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སུ་ཞུགས་པའི་ལུས་རྩལ་པ་གདམ་གསེས་འགྲན་སྡུར་ཚོགས་ཆེན་གྱི་རྗེས་སུ། ཆོས་དབྱིངས་སྐྱིད་ནི་མཚོ་སྔོན་ཞིང་ཆེན་ནས་ཐོན་པའི་རང་རྒྱལ་གྱི་ལོ་རྒྱུས་སྟེང་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སུ་ཞུགས་པའི་བོད་རིགས་བུད་མེད་ལུས་རྩལ་པ་ཐོག་མར་གྱུར། ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ཆོས་དབྱིངས་སྐྱིད་མཚན་སྙན་དང་བཅས་ཏེ་ཕྱིར་ཟི་ལིང་དུ་ལོག་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཉིན་དེའི་ཕྱི་དྲོར། ཟི་ལིང་གནམ་གྲུ་ཐང་དུ་ཆོས་དབྱིངས་སྐྱིད་མཚན་སྙན་དང་བཅས་ཏེ་ཕྱིར་ལོག་པར་དགའ་བསུ་ཞུ་ཞེས་པའི་རས་བྱང་བཀལ་ཡོད། ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་བཅུ་གཉིས་སྟེང་མི་མང་པོའི་དགའ་བསུའི་ཁྲོད་ཆོས་དབྱིངས་སྐྱིད་ཟི་ལིང་གནམ་གྲུ་ཐང་དུ་ཐོན། ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཧྥུན་ཅན་ཕིན་གྱིས་ཆོས་དབྱིངས་སྐྱིད་ལ་རྟེན་འབྲེལ་ཞུས་པར་མ་ཟད། ཁོ་མོས་མཚོ་སྔོན་གྱི་ལུས་རྩལ་ལས་དོན་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས། ཆོས་དབྱིངས་སྐྱིད་ནི་ལུས་རྩལ་པ་ལིས་ཁྲུན་ཞིག་གི་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སུ་ཞུགས་པའི་འགྲོ་རྩལ་འགྲན་སྡུར་གྱི་ལུས་རྩལ་པ་ཞིག་ཡིན་ལ། ཀྲུང་གོའི་ལོ་རྒྱུས་སྟེང་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སུ་ཞུགས་པའི་བོད་རིགས་བུད་མེད་ལུས་རྩལ་པ་ཐོག་མ་ཡང་ཡིན་པར་མ་ཟད། མཚོ་སྔོན་གྱི་ལ་རྒྱ་ཡང་རེད།

 

  • ལེ་ཚན་སྔོན་མ།:མཚོ་སྔོན་ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་བསྐྱར་བསྐྲུན་ལས་གཞི་གསར་བ་ཟླ་བཞི་བའི་ནང་དུ་ཕྱོགས་ཡོངས་ནས་ལས་མགོ
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་གསར་གཏོད་ཡུལ་སྐོར་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་བསྐྲུན་ནས་མི་རིགས་ཀྱི་རིག་གནས་རྒྱུད་འཛ
  • དོ་སྣང་ཆེ་བའི་རྩོམ།