2012-04-05
མགྱོགས་མྱུར་སྒོས་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་ཁ་གསབ་བསྡུར་ཚད་ཇེ་མཐོར་གཏོང་ཆེད། མཛོད་དགེ་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་སྲིད་ཇུས་སྙོམས་སྒྲིག་ལེགས་བཅོས་བྱས།གཅིག་ནི་ཁུལ་དང་ཞང་། གྲོང་རྡལ། གཏན་འཁེལ་སྨན་བཅོས་ལས་ཁུངས་ནས་བསྡད་པའི་སྨན་བཅོས་སྤྱིའི་འགྲོ་སོང་གི་བརྒྱ་ཆའི་དགུ་བཅུ་རྩིས་སྤྲོད་བྱེད་པར་གཅིག་གྱུར་བཀོད་འདོམས་བྱས།གཉིས་ནི་ས་ཁུལ་དང་རྫོང་རིམ་པའི་གཏན་འཁེལ་སྨན་བཅོས་ལས་ཁུངས་ནས་བསྡད་པའི་སྨན་བཅོས་སྤྱིའི་འགྲོ་སོང་གི་བརྒྱ་ཆའི་བརྒྱ་བཅུ་རྩིས་སྤྲོད་བྱེད་པར་གཅིག་གྱུར་བཀོད་འདོམས་བྱས།
གསུམ་ནི་གཅིག་གྱུར་བཀོད་འདོམས་བྱས་པའི་ས་ཁུལ་ལས་གཞན་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་རིམ་པའི་གཏན་འཁེལ་སྨན་བཅོས་ལས་ཁུངས་ནས་བསྡད་པའི་སྨན་བཅོས་འགྲོ་སོང་སྒོར་ལྔ་བརྒྱའི་ཡན་དུ་བརྒལ་ཚེ་བརྒྱ་ཆའི་བདུན་བཅུ་རྩིས་སྤྲོད་བྱས་ཆོགབཞི་ནི་ཞིང་ཆེན་རིམ་པ་དང་དེ་མིན་ཞིང་ཆེན་ཕྱིའི་གཏན་འཁེལ་སྨན་བཅོས་ལས་ཁུངས་ནས་བསྡད་པའི་སྨན་བཅོས་འགྲོ་སོང་སྒོར་བདུན་བརྒྱའི་ཡན་དུ་བརྒལ་ཚེ་བརྒྱ་ཆའི་དྲུག་བཅུ་རྩིས་སྤྲོད་བྱས་ཆོགལྔ་ནི་གཅིག་གྱུར་བཀོད་འདོམས་བྱས་པའི་ས་ཁུལ་ལས་གཞན་གཏན་འཁེལ་སྨན་བཅོས་ལས་ཁུངས་ནས་བསྡད་པའི་སྨན་བཅོས་འགྲོ་སོང་སྒོར་བརྒྱད་བརྒྱའི་ཡན་དུ་བརྒལ་ཚེ་བརྒྱ་ཆའི་ལྔ་བཅུ་རྩིས་སྤྲོད་བྱས་ཆོག
དྲུག་ནི་ཆེས་མཐོའི་རྩིས་སྤྲོད་འབོར་གྲངས་ལོ་ཧྲིལ་བོར་བསྡོམས་རྩིས་བྱས་ན། སྨན་ཁང་དུ་བསྡད་པའི་ཁ་གསབ་དང་དམིགས་བསལ་ནད་ཡམས་ཀྱི་སྨན་བཅོས་འགྲོ་སོང་མང་བོའི་སྒོ་བསྟེན་ཁ་གསབ། སྤྱིར་བཏང་སྒོ་བསྟེན་སྨན་ཁང་གི་གཅིག་གྱུར་ཁ་གསབ་སོགས་འདུས་ཡོད། ཆེས་མཐོའི་མ་དངུལ་ནི་ཉིས་སྟོང་བཅུ་གཅིག་ལོའི་མི་རེར་ལོ་རེའི་སྒོར་ཁྲི་ལྔ་ནས་སྒོར་འབུམ་གཅིག་ཏུ་ཇེ་མཐོར་སོང་།བདུན་ནི་སྔོན་གྱི་ནད་ཡམས་ལྕི་མོའི་རིགས་བཅུ་གཉིས་ཀྱི་རྨང་གཞིའི་སྟེང་མིད་པའི་འབྲས་སྐྲན་དང་རྒྱུ་སྐྲན་སོགས་ནད་རིགས་བཅུ་ལྷག་ནད་ཡམས་ལྕི་མོའི་འགན་སྲུང་ཁྱབ་ཁོངས་སུ་བཞག་པ་དང་། སྔོན་གྱི་དལ་བའི་རང་བཞིན་གྱི་ནད་རིགས་ཉེར་གཉིས་ཀྱི་རྨང་གཞིའི་སྟེང་དྲེག་གྲུམ་དང་བརྒྱལ་གཟེར་ནད་སོགས་དལ་བའི་རང་བཞིན་གྱི་ནད་ཡམས་ཁྲོད་བཞག་སྟེ། དོན་དངོས་ནས་རོང་འབྲོག་མང་ཚོགས་ཀྱི་འགན་ཁུར་ཇེ་ཡང་དུ་བཏང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10