ལི་ཁི་ཆིང་གིས་ཧེ་ནན་ཏུ་བྱ་བར་རྟོག་ཞིབ་མཛད།

རྡོ་ཐར།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-04-05

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆིང་ཟླ་གསུམ་པའི་ཚེས་སུམ་བཅུ་ནས་ཟླ་བཞི་བའི་ཚེས་གཉིས་ཉིན་བར་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་གཉིས་ལོའི་ལོ་ཚོགས་སྐབས་སུ་ཧེ་ནན་ཞིང་ཆེན་གྱི་ཧེ་ཁི་དང་ཁྲིན་མའེ། ཁྱུང་ཧེ་བཅས་སུ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད།ལིས་ཁི་ཆིང་གིས་གཏན་འཇགས་ཁྲོད་འཕེལ་རྒྱས་བྱེད་པའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་།   བཅོས་སྒྱུར་གསར་སྤེལ་སྒུལ་ཤུགས་བྱས་ནས་འཛམ་གླིང་གི་འགྱུར་ལྡོག་ལ་འཚམ་དགོས་པར་མ་ཟད།ས་གནས་ཀྱི་ཁྱད་ཆོས་ལྟར་དགེ་མཚན་འདོན་སྤེལ་བྱེད་དགོས་པ་དང་།  ཆུ་ཚད་མཐོ་བའི་འཕེལ་སྟངས་ཀྱིས་སྒྲིག་གཞི་སྙོམས་སྒྲིག་བྱས་ཏེ་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།རྒྱལ་སྤྱིའི་རང་བཞིན་གྱི་གནས་སྐོར་གླིང་ཕྲན་འཛུགས་བསྐྲུན་བྱེད་པ་ནི་ཧེ་ནན་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ཡིན་ཕྱིར།  ལིས་ཁི་ཆིང་གིས་ཆེད་དུ་འཛུགས་བསྐྲུན་གྱི་འཆར་འགོད་དང་བརྒྱུད་རིམ་གནས་ཚུལ་གྱི་ཡར་ཞུ་ལ་གསན།  ཁོང་གིས་རྒྱལ་སྤྱིའི་རང་བཞིན་གྱི་གནས་སྐོར་གླིང་ཕྲན་འཛུགས་བསྐྲུན་བྱེད་པ་གོ་སྐབས་སུ་བཟུང་ནས་ཧེ་ནན་གྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས་པར་མ་ཟད། སྤྱིའི་སྒྲིག་གཞི་ལེགས་སྒྲིག་དང་ཐོན་ལས་ཀྱི་རིམ་པར་འཕར་བར་དམིགས་ཏེ།  སྔར་ལས་ལྷག་པའི་སྒོ་ནས་སྒོ་འབྱེད་རྒྱ་བསྐྱེད་དགོས་པ་དང་།  ལམ་ལུགས་གང་མགྱོགས་སྒོས་གསར་བསྐྲུན་བྱེད་པ།དེ་ལས་གཞན་སྒྲིག་གཞི་གཙོ་བོ་འཛུགས་བསྐྲུན་དང་ཞབས་ཞུ།  ཁོར་ཡུག་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་བཅས་ཟུང་འབྲེལ་བྱས་ནས་རི་ཆུ་ལ་སྲུང་སྐྱོབ་བཟང་བོ་བྱས་ཏེ་མཐོ་ཚད་གསར་བ་དང་སྤུས་ཚད་བཟང་བོའི་སྒོ་ནས་རྒྱལ་སྤྱིའི་རང་བཞིན་གྱི་གནས་སྐོར་གླིང་ཕྲན་འཛུགས་བསྐྲུན་བྱེད་དགོས་ཞེས་གསུངས།  ལིས་ཁི་ཆིང་གིས་ཧེ་ནན་གྱི་ས་གནས་དང་སྐྱེ་ཁམས་ཀྱི་ཆ་རྐྱེན་ལེགས་པ་མ་ཟད།  ལམ་ལུགས་དང་སྒོ་འབྱེད། རྗེས་མཐུད་ཀྱི་དགེ་མཚན་བཅས་ལྡན་པས་གང་མགྱོགས་སྒོས་དེང་རབས་ཀྱི་ཞབས་ཞུ་ལས་རིགས་དང་ཁྱད་ལྡན་པའི་ཞིང་ལས། ཕྱོགས་བསྡུས་རང་བཞིན་གྱི་བཟོ་བསྐྲུན་ལས་རིགས་འཕེལ་རྒྱས་སུ་གཏོང་བར་ཆ་རྐྱེན་ལྡན་པས།  སྒྲིག་གཞི་སྙོམས་སྒྲིག་སྐེ་རིམ་གསར་བར་ཞིག་ཏུ་སླེབས་སུ་འཇུག་དགོས་ཞེས་ནན་གྱིས་བསྟན།ཧེ་ནན་གྱི་སྐྱེ་ཁམས་གླིང་དུ་ལིས་ཁི་ཆིང་གིས་ས་རྒྱུས་ཀྱི་བརྡ་འཕྲིན་དང་ཞིང་ལས་ཚན་རྩལ་སོགས་བརྡ་འཕྲིན་ཞབས་ཞུ་མ་ལག་ཚོད་ལྟ་བྱས་པར་གཟིགས་པ་མ་ཟད།རྒྱང་བསྟན་མ་ལག་ལ་བརྟེན་ནས་པེ་ཅིན་གྱི་སྨན་བཅོས་མི་སྣར་ཁ་བརྡ་བྱས་པ་རེད།  ཁོང་གིས་སྐྱེ་ཁམས་གླིང་གིས་ཧེ་ནན་གྱི་ནམ་ཟླ་དྲོན་པོ་ཡིན་པའི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་ཤེས་ལྡན་མི་སྣ་དང་ཁེ་ལས་བཟང་བོ་གནས་འདིར་ཡོང་ནས་དུས་ངེས་མེད་དུ་དུས་ཚིགས་རང་བཞིན་གྱི་གཞུང་སྒྲུབ་ཁང་ལས་པར་སྣེ་ཁྲིད་བྱས་ཏེ།  འཛམ་གླིང་གི་སྔོན་ཐོན་ལག་རྩལ་བཀོད་སྤྱོད་བྱས་ཏེ་དེང་རབས་ཅན་གྱི་ཧེ་ནན་འཛུགས་བསྐྲུན་བྱེད་པར་མདུན་ལྗོངས་བཟང་བོ་ལྡན་ཞེས་གསུངས།  ལིས་ཁི་ཆིང་གིས་ཡུལ་དངོས་ཀྱི་ན་གཞོན་ལས་རིགས་གསར་བསྐྲུན་པར་ན་གཞོན་རྣམས་ལ་སྦྱང་སྟོབས་ཀྱི་ཡོན་ཏན་དང་གསར་གཏོད་ཀྱི་ཤེས་རབ་ལྡན་པས་ཁེ་ལས་ཆུང་ངུ་དེ་དག་ཁེ་ལས་ཆེན་པོ་རུ་བསྐྲུན་ཐུབ་ངེས་ཞེས་གསུངས།ལིས་ཁི་ཆིང་རྒན་གསོ་ཞབས་ཞུ་ལས་ཁུངས་ཤིག་གི་ནང་དུ་ཕེབས་ཏེ།  སྡོད་ཁང་དང་སྨན་བཅོས་ཁང་།  བྱ་འགུལ་ཁང་སོགས་སུ་ཕེབས་ནས་གནས་དེའི་རྒན་པ་དང་མཉམ་དུ་ཁ་བརྡ་བྱས་པ་མ་ཟད།  ཁོ་ཚོར་སྨོན་འདུན་ཞུས།  ཁོང་གིས་ཀྲུང་ཧྭ་མི་རིགས་ལ་རྒན་བཀུར་ཆུང་ཞེན་གྱི་སྲོལ་རྒྱུན་བཟང་བོ་ཡོད་པ་དང་།  རྒན་པ་རྣམས་ཀྱིས་མི་ཚེ་གང་བོར་དཀའ་སྤྱད་འབད་འབངས་བྱས་པས།  ཁོ་ཚོར་སྔར་ལས་ལྷག་པའི་ཞབས་ཞུ་སྒྲུབ་ཏེ།ལོ་ལོན་ན་གསོ་ས་ཡོད་པ་དང་། ལོ་ལོན་ན་བདེ་སྐྱིད་ལྡན་པ།  ལོ་ལོན་ན་ལས་རྒྱུ་ཡོད་པ་ཞིག་བྱེད་དགོས་ཞེས་གསུངས།ལིས་ཁི་ཆིང་གིས་ད་དུང་ཧེ་ནན་བང་ཆོན་ལིག་ཁྲིན་གྱི་རྒྱལ་སྤྱིའི་སྨན་བཅོས་གནས་སྐོར་ཁུལ་གྱི་འཆར་འགོད་མཚམས་སྦྱོར་ལ་གསན།  ཁོང་གིསགནས་སྐོར་དང་སྨན་བཅོས།   རྒན་གསོ་ཞབས་ཞུའི་བག་ཤུགས་ཆེ་བས།  དེ་དག་ཟུང་དུ་འབྲེལ་ནས་འཕེལ་རྒྱས་སུ་བཏང་ན་ཐོན་ལས་ཆེན་པོ་ཞིག་ཆགས་ངེས།  སྨན་བཅོས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་ནས་ཕྱོགས་གཅིག་ན་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་དགོས་མཁོ་ངེས་པ་དོན་གྱིས་ཁག་ཐེག་བྱེད་པ་དང་།  ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཀྱི་སྟོབས་ཤུ གས་སྣེ་ཁྲིད་བྱས་ཏེ་སྨན་བཅོས་ཞབས་ཞུ་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས་པ་དང་།ནང་སྒོས་སུ་སྨན་བཅོས་ཞབས་ཞུ་ཀྱི་འདུ་ཤེས་གསར་བ་དང་ལག་རྩལ་གསར་བ། རྣམ་པ་གསར་བ་བཅས་སྡེ་ཁུལ་དང་ཞིང་སྡེ་རུ་ཁྱབ་པར་བྱས་ཏེ། གཞི་རིམ་མང་ཚོགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་བྱས་ན་སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་ཞབས་ཞུ་ལས་རིགས་ཀྱི་རིན་ཐང་མངོན་ཐུབ་ཞེས་གསུངས།ཁྱུང་ཧེ་གྲོང་ཁྱེར་གྱི་པེ་ཧྲན་ཡང་དུ་ལིས་ཁི་ཆིང་གིས་ཞིང་ལས་ལས་བཞིན་པའི་ཞིང་བ་དང་།  ཞིང་ལས་ཆེད་མཁས་པ་ལ་སྙིང་ཉེ་བའི་ཁ་བརྡ་བྱས་པ་དང་།  ས་བོན་ལྟེ་གནས་ཀྱི་ས་བོན་གསོ་སྦྱོང་དང་ལག་རྩལ་ཞབས་ཞུ།སྐྱེ་དངོས་ཀྱི་ཐོན་ཚད་སོགས་ཀྱི་གནས་ཚུལ་ཞིབ་མོ་དྲིས།  ཁོང་གིས་ཞིང་ལས་ཐོན་རྫས་ཆེ་གྲོས་ཀྱི་འདོན་སྤྲོད་ཁག་ཐེག་བྱེད་པའི་གཙོ་བོ་ནི་ས་བོན་ཡིན། གང་མགྱོགས་སྒོས་ཞིང་ལས་དེང་རབས་ཅན་ཏུ་འཕེལ་རྒྱས་སུ་གཏོང་བར་གལ་འགངས་ཆེ་བའི་གོ་རིམ་ཞིག་ནི་ཞིང་ལས་ཚན་རྩལ་གསར་སྤེལ་བྱས་ཏེ་ཞིང་ལས་མུ་མཐུད་དུ་ཇེ་བཟང་དུ་གཏོང་རྒྱུ་དེ་ཡིན་ཞེས་གསུངས།ལིས་ཁི་ཆིང་གིས་ཚན་རྩལ་མི་སྣས་ཧེ་ནན་དང་རྒྱལ་ཁབ་ལ་ས་བོན་བཟང་བོ་གསོ་སྐྱོང་བྱས་ཏེ་ཞིང་ལས་རྒྱལ་སྤྱིའི་འགྲན་རྩོད་དུ་ཞུགས་པར་ཡར་སྐུལ་བྱས།

ཁྱུང་ཧེ་རུ་རྟོག་ཞིབ་མཛད་སྐབས་ལིས་ཁི་ཆིང་གིས་ཧེ་ནན་ཞིང་ཆེན་ཏང་ཨུའི་བྱ་བའི་སྙན་ཞུ་ལ་གསན་པ་དང་།  ཧེ་ནན་གྱི་ཉེ་བའི་ལོ་འགའི་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་དང་།   རེ་བ་ལ་ཧེ་ནན་གྱིས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་དུ་སྤེལ་བའི་ཕྱོགས་ནས་མདུན་གྲས་སུ་གཅིག་གྱུར་སྒོས་གྲོང་ཁྱེར་དང་གྲོང་བརྡལ།ས་ཁུལ་དང་ཐོན་ལས་བཅས་མཐུན་འབྱོར་ངང་འཕེལ་རྒྱས་ཡོང་བར་བྱས་ནས།   མུ་མཐུད་དུ་དེང་རབས་ཅན་འཛུགས་བསྐྲུན་བྱེད་པའི་གྲུབ་འབྲས་གསར་བ་ལེན་དགོས་ཞེས་གསུངས།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་སྒྲ་ལྡན་མདའ་མོ་དར་ཁྱབ་ཆེན་པོ་བྱུང་བ།
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཡིས་ཀོང་ཞིས་དང་ཧྥུ་ཅན་དུ་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།