བོད་ལྗོངས་ཀྱི་སྒྲ་ལྡན་མདའ་མོ་དར་ཁྱབ་ཆེན་པོ་བྱུང་བ།

    མཚོ་སྔོན་པོ་དྲ་བ།    2012-03-30

བོད་ལྗོངས་ཀྱི་སྒྲ་ལྡན་མདའ་མོ་དར་ཁྱབ་ཆེན་པོ་བྱུང་བ།

ཀོང་པོའི་སྲོལ་རྒྱུན་གྱི་ལུས་རྩལ་ཏེ་སྒྲ་ལྡན་མདའ་མོ།

བོད་ལྗོངས་ཀྱི་སྒྲ་ལྡན་མདའ་མོ་དར་ཁྱབ་ཆེན་པོ་བྱུང་བ།

སྒོར་དབྱིབས་གསུམ་ལས་གྲུབ་པའི་འབེན་མིག

བོད་ལྗོངས་ཀྱི་སྒྲ་ལྡན་མདའ་མོ་དར་ཁྱབ་ཆེན་པོ་བྱུང་བ།

ཉིང་ཁྲི་སྨན་གླིང་རྫོང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་སྒྲ་ལྡན་མདའ་མོའི་རྒྱུན་འཛིན་པ་དཔའ་ལོ། བོད་ལྗོངས་ཀྱི་སྒྲ་ལྡན་མདའ་མོ་དར་ཁྱབ་ཆེན་པོ་བྱུང་བ།

ཉིང་ཁྲིའི་སྨན་གླིང་རྫོང་གི་སྐྱེས་པ་ཞིག་གིས་མདའ་འཕེན་བཞིན་པ།
 

སྒྲ་ལྡན་མདའ་མོ་ནི་བོད་ལྗོངས་ཉིང་ཁྲིའི་ཀོང་པོ་ཡུལ་དུ་དར་ཁྱབ་ཆེ་བའི་རོལ་རྩེད་བྱ་འགུལ་ཞིག་ཡིན། མདའ་མོ་འདིའི་མདའ་རྩེ་ཤིང་ལས་བཟོས་པའི་ཟླུམ་སྙུང་དབྱིབས་ཅན་ཞིག་ཡིན་ཞིང་། དེའི་ཕྱོགས་བཞི་རུ་བུ་ག་ཆུང་ཆུང་བཞི་བརྟོལ་འདུག་པས་མདའ་འཕེན་དུས་སྒྲ་ཁྱད་པར་བ་ཞིག་གྲགས་པས་ཀུན་གྱིས་སྒྲ་ལྡན་མདའ་མོ་ཞེས་འབོད་པ་ཡིན། མདའ་འཕེན་སའི་འབེན་དེ་སྨི་ལྔ་བཅུ་ཡི་མཚམས་སུ་བཞག་ཡོད་ཅིང་ཀོ་བ་ལས་བཟོས་པའི་སྒོར་དབྱིབས་རིམ་པ་གསུམ་གྱིས་གྲུབ་པ་ཞིག་ཡིན་པ་དང་། མདའ་མོ་འབེན་མིག་ལ་ཕོག་ནས་དཀྱིལ་གྱི་སྒོར་དབྱིབས་གཉིས་ས་ལ་ལྷུང་ན་རྒྱལ་ཁ་ཐོབ་པར་ངོས་འཛིན་གྱིན་ཡོད།

སྲོལ་རྒྱུན་གྱི་སྒྲ་ལྡན་མདའ་མོ་འདི་ལ་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་། ཉིང་ཁྲི་ས་ཁུལ་དུ་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་ལ། དངོས་པོའི་རིག་གནས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་སྒྲ་ལྡན་མདའ་མོ་ལ་ཡང་སྔ་ན་མེད་པའི་དར་འཕེལ་བྱུང་བ་རེད། གཅིག་དགུ་གོ་བདུན་ལོར་ཉིང་ཁྲི་ས་ཁུལ་དུ་སྒྲ་ལྡན་མདའ་མོའི་མཐུན་ཚོགས་བཙུགས་ནས་སྲོལ་རྒྱུན་གྱི་ལུས་རྩལ་སྔར་ལས་ཚད་ལྡན་དང་ཁྱབ་བརྡལ་དུ་བཏང་། ཉིས་སྟོང་བདུན་ལོར“ཉིང་ཁྲི་ཀོང་པོའི་སྒྲ་ལྡན་མདའ་མོ”འདེམ་ཐེངས་གཉིས་པའི་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོ་རུ་བཞག

  • ལེ་ཚན་སྔོན་མ།:རྔ་བ་ཁུལ་གྱི་འབྲོག་དམངས་གཏན་སྡོད་བྱ་འགུལ་དེ་སྤྱིའི་འཆར་འགོད་ཀྱི93.3%ལེགས་འགྲུབ་བྱས་པ།
  • ལེ་ཚན་རྗེས་མ།:ལི་ཁི་ཆིང་གིས་ཧེ་ནན་ཏུ་བྱ་བར་རྟོག་ཞིབ་མཛད།
  • དོ་སྣང་ཆེ་བའི་རྩོམ།