རྔ་བ་ཁུལ་གྱི་འབྲོག་དམངས་གཏན་སྡོད་བྱ་འགུལ་དེ་སྤྱིའི་འཆར་འགོད་ཀྱི93.3%ལེགས་འགྲུབ་བྱས་པ།

    རྔ་བ་ཁུལ་སྲིད་གཞུང་དྲ་བ།    2012-03-30

ཟླ3པའི་ཚེས26ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་ལྕགས་ཟམ་ཁ་རྫོང་དུ་སྤེལ་བའི་ཁྲིན་ཏུའུ་དམག་ཁུལ་གྱི་སི་ཁྲོན་བོད་ཁུལ་འབྲོག་དམངས་གཏན་སྡོད་བྱ་འགུལ་གྱི་རྒྱུ་ཆ་དབོར་འདྲེན་འགོ་རྩོམ་མཛད་སྒོའི་སྟེང་རྒྱུས་ལོན་པ་ལྟར་ན། དུས་ཡུན་ལོ3ལ་འབད་བརྩོན་བྱས་པ་བརྒྱུད། སི་ཁྲོན་ཞིང་ཆེན་བོད་ཁུལ་གྱི་འབྲོག་དམངས་གཏན་སྡོད་བྱ་འགུལ་འཆར་འགོད་དང་སྦྲ་གུར་འཚོ་བ་གསར་བའི་བྱ་འགུལ་ལ་དུས་སྐབས་རང་བཞིན་གྱི་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། མིག་སྔར་བསྡོམས་པས་གཏན་སྡོད་ཁྱིམ་ཚང92658ལེགས་འགྲུབ་བྱས་པ་དང་། དེས་སྤྱིའི་འཆར་འགོད93.3%ཟིན་ཡོད། ཆ་སྡེབ་བྱས་པའི་སྤྱི་བའི་སྒྲིག་ཆས་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ད་ལྟ་ཤུགས་ཆེན་པོས་སྐུལ་སྤེལ་བྱེད་བཞན་ཡོད་པ་དང་། ཞིང་ཆེན་ཡོངས་སུ་གཏན་སྡོད་ས་ཚིགས1143འཛུགས་སྐྲུན་བྱས་ཡོད།

གཞན་ཡང་སི་ཁྲོན་ཞིང་ཆེན་གྱིས2009ལོར་འབྲོག་དམངས་ལ་སྦྲ་གུར་ཁྲི10དང་འཚོ་བའི་སྒྲིག་ཆས་ཆ་ཚང9རེ་བྱིན་ལ། 2011ལོར་ཡང་བསྐྱར་འབྲོག་དམངས་ལ་སྦྲ་གུར་ཁྲི10བྱིན་ཏེ་ཕན་ནུས་ལྡན་པའི་སྒོ་ནས་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས། སྐོང་འཐེན་བརྟག་བཤེར་ལས་མངོན་པ་ལྟར་ན། བོད་ཁུལ་འབྲོག་པ་མང་ཚོགསཀྱིས་འབྲོག་དམངས་གཏན་སྡོད་བྱ་འགུལ་འཆར་འགོད་དང་སྦྲ་གུར་འཚོ་བ་གསར་བའི་བྱ་འགུལ་ལ་ཡིད་ཚིམ་ཚད95.9%ལ་སླེབས་ཡོད།

སི་ཁྲོན་ཞིང་ཆེན་གྱིས་བོད་ཁུལ་འབྲོག་དམངས་གཏན་སྡོད་བྱ་འགུལ་འཆར་འགོད་དང་སྦྲ་གུར་འཚོ་བ་གསར་བའི་བྱ་འགུལ་ལག་བསྟར་བྱས་པའི་ལོ3རིང་། ཁྲིན་ཏུའུ་དམག་ཁུལ་གྱིས་ལོ་རེར་དཔུང་ཤུགས་སྐྱེལ་འདྲེན་རུ་ཁག་རྩ་འཛུགས་བྱས་ཏེ། སྔ་རྗེས་སུ་རིན་མེད་སྒོས་རས་གུར་ཁྲི10དང་གསར་བྱུང་སྦྲ་གུར་ཁྲི8། ཨར་འདམ་ཏུན་ཁྲི3.2བཅས་བོད་ཁུལ་དུ་དབོར་འདྲེན་བྱས། །

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་རོང་འབྲོག་ཁུལ་གྱི་སློབ་གྲྭ་རུ་ཕྱོགས་ཡོངས་ནས་སློབ་མའི་འཚོ་བཅུད་ལེགས་བཅོས་བྱེད་པའི་འཆར་
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་སྒྲ་ལྡན་མདའ་མོ་དར་ཁྱབ་ཆེན་པོ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།