ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོའི་བོད་ལྗོངས་དྲ་བ 2012-03-30
བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་ལྷོ་པ་མི་རིགས་ཤང་སློབ་ཆུང་དུ་སློབ་མ་ཚོས་འཚོ་བཅུད་ལྡན་པའི་ཟ་མ་ལོངས་སུ་སྤྱོད་བཞིན་ཡོད་པ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་རོང་འབྲོག་ཁུལ་གྱི་སློབ་མའི་འཚོ་བཅུད་གནས་བབ་ལེགས་བཅོས་བྱེད་ཆེད། བོད་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་མའི་འཚོ་བཅུད་བྱ་བའི་ཇུས་གཞི》གཏན་འབབས་བྱས་ཤིང་། 2012ལོའི་དཔྱིད་ཀའི་སློབ་འགོ་ཚིགས་པ་ནས་བཟུང་། བོད་ལྗོངས་ཀྱིས་རོང་འབྲོག་ས་ཁུལ་གྱི་འོས་འགན་སློབ་གསོ་སྒྲུབ་བཞིན་པའི་སློབ་གྲྭ་རུ་ཕྱོགས་ཡོངས་ནས་རོང་འབྲོག་ཁུལ་གྱི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་འགོད་ལག་བསྟར་བྱེད་རྒྱུ་རེད། འཆར་འགོད་ལྟར་ན་སློབ་མ་རེར་ཉིན་རེའི་སྒོར3འགྲེམ་གཏོང་བྱེད་རྒྱུ་ཡིན་པ་དང་། ལོ་ཧྲིལ་བོར་ཉིན200ལྟར་རྩིས་བརྒྱབ་ན། བསྡོམས་པས་སློབ་མ་རེར་ལོ་རེའི་སྒོར600ཐོབ་ཐུབ། མིག་སྔར་དཔྱིད་ཀའི་སློབ་སྐབས་ཀྱི་སློབ་མའི་འཚོ་བཅུད་ལེགས་བཅོས་མ་དངུལ་སྒོར་ཁྲི7196.31འགྲེམ་གཏོང་བྱས་པ་དང་། བོད་ལྗོངས་རོང་འབྲོག་ཁུལ་གྱི་སློབ་མ་ཁྲི23.98ལ་ཕན་ཁེ་ཐོབ། འཆར་འགོད་འདི་ལག་བསྟར་བྱས་པ་ནས་བཟུང་དོན་དངོས་སྟེང་བོད་ལྗོངས་རོང་འབྲོག་ཁུལ་གྱི་སློབ་མའི་འཚོ་བཅུད་གནས་བབ་ལེགས་བཅོས་བྱེད་ཐུབ། བོད་ལྗོངས་རོང་འབྲོག་ཁུལ་གྱི་སློབ་མའི་ལུས་པོ་བདེ་ཐང་གི་ཆུ་ཚད་མཐོར་འདེགས་བྱེད་ཐུབ། མིག་སྔར། སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་འགོད་ནི་ཕྱོགས་ཡོངས་ནས་རོང་འབྲོག་པའི་བུ་བུ་མོར་འོས་འགན་སློབ་གསོའི“འགན་ལེན་གསུམ”སྲིད་ཇུས་ལག་བསྟར་བྱས་རྗེས་ཀྱི་དམངས་ཕན་སྲིད་ཇུས་གསར་བ་ཞིག་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10