མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་པ།

ཞའོ་ཡན།        2012-03-28

ཟླ3པའི་ཚེས26ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས2011ལོའི་མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་བྱ་བ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པར་མ་ཟད། ད་ལོའི་བྱ་བར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། 2012ལོར་མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་བྱ་བས་ཐོག་མར་ལས་ཀར་ཞུགས་པའི་འཐབ་ཇུས་དང་སྔར་ལས་བཟང་བའི་ལས་ཞུགས་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ནས། ཐབས་ལམ་མང་པོ་སྤྱད་དེ་ལས་ཞུགས་ལས་རྐང་གསར་གཏོད་བྱེད་པ་དང་། ངལ་རྩོལ་པ་མང་པོ་མཁོ་བའི་ཁེ་ལས་དང་ཁེ་ལས་ཆུང་བ་དང་ཆེས་ཆུང་བ་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱས་ནས། མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་དང་རོང་འབྲོག་ཕྱོགས་ཀྱི་ངལ་རྩོལ་པ་ལྷག་མ། གྲོང་བརྡལ་གྱི་ལས་ཞུགས་ལ་དཀའ་ཁག་ཆེ་བའི་མི་སྣ་བཅས་ཀྱི་ལས་ཞུགས་བྱ་བ་བཟང་བོར་བསྒྲུབ་སྟེ། མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་གནས་བབ་རྒྱུན་མཐུད་དང་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 2012ལོར་མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་བྱ་བའི་དམིགས་འབེན་ནི་ལོ་ཧྲིལ་བོར་གྲོང་བརྡལ་གྱི་ལས་ཞུགས་མི་སྣ་ཁྲི་ལྔ་དང་སྟོང་དྲུག་ལ་ཇེ་མང་དུ་གཏོང་རྒྱུ་དང་། ལས་ཤོར་མི་སྣ་ཁྲི་གཉིས་དང་སྟོང་དྲུག་ལས་ཞུགས་བྱེད་དུ་འཇུག་པ། གྲོང་བརྡལ་གྱི་ལས་ཀར་ཞུགས་དཀའ་བའི་མི་སྣ་སྟོང་གསུམ་ལྷག་ཡང་བསྐྱར་ལས་ཀར་ཞུགས་སུ་འཇུག་པ། རོང་འབྲོག་ཕྱོགས་ཀྱི་ངལ་རྩོལ་པ་ལྷག་མ་ས་ཡ་གཅིག་ལྷག་ཞོར་ལས་ལ་མངགས་ཏེ། ཞོར་ལས་ཀྱི་ཡོང་སྒོ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བརྒྱད་མངོན་འགྱུར་བྱེད་རྒྱུ་དེ་རེད།

ཚོགས་ཐོག་ནས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་ས་ཁུལ། མཚོ་ནུབ་ཁུལ་བཅས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱི་འགན་འཁུར་པས་བརྗེ་རེས་གཏམ་བཤད་སྤེལ། །

 
  • ལེ་ཚན་སྔོན་མ།:ཀན་ལྷོ་ཁུལ་དུ་སྒུལ་མི་རུང་བའི་རིག་དངོས499རྙེད་པ།
  • ལེ་ཚན་རྗེས་མ།:ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་དུ་ཡོད་པའི་བླ་བྲང་དགོན་པ་གཞི་རྒྱ་ཆེན་པོའི་སྒོ་ནས་ཞིག་གསོ་བྱེད་པའི་བཟོ་སྐ
  • དོ་སྣང་ཆེ་བའི་རྩོམ།