མཚོ་སྔོན་པོའི་དྲ་བ། 2012-03-28
ཀན་ལྷོ་ཁུལ་རིག་དངོས་ཅུས་མཚམས་སྦྱོར་བྱས་པ་ལྟར་ན་ཀན་ལྷོ་ཁུལ་དུ་མངའ་བའི་བཤམས་སྟོན་ཁང་དུ་བསྡུ་ཉར་བྱས་པ་རིགས5737ཡོད་པའི་ཁྲོད། རིམ་པ་དང་པོའི་རིག་དངོས50ལྷག་དང་རིམ་པ་གཉིས་པའི་རིག་དངོས147ཡོད་པ་རེད།
སྡོམ་རྩིས་བྱས་པ་ལྟར་ན་ཀན་ལྷོ་བོད་ཁུལ་དུ་རིགས་སོ་སོའི་ཆོས་སྡེ300ལྷག་གི་ཁྲོད་དགོན་པ་ཆེ་འབྲིང47ཡོད་པ་དང་། དེ་དག་ལས་མང་ཆེ་བ་ཡོན་རྒྱལ་རབས་དང་། མིང་རྒྱལ་རབས། ཆིང་རྒྱལ་རབས་ཀྱི་དུས་སུ་བཞེངས་པ་ཡིན་པས། བོད་བརྒྱུད་ནང་བསྟན་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་དང་བརྒྱུད་རིམ་བཅས་མངོན་ཐུབ། དེ་ལས་ཆེས་མིང་དུ་གྲགས་པ་ནི་བླ་བྲང་དགོན་པ་དང་སྟག་ཚང་ལྷ་མོ་དགོན་སོགས་མང་དུ་མཆིས།
ཀན་ལྷོ་བོད་ཁུལ་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་སྣ་མང་རང་བཞིན་ལྡན་པའི་ཡུལ་གྲུ་ཞིག་ཡིན་ཞིང་། ཏི་དང་། ཆཱང་། ཞན་པེ། འ་ཞ་སོགས་མི་རིགས་མང་པོའི་སྲིད་དབང་བཙུགས་མྱོང་བ་རེད། དེར་མ་ཟད་དར་གོས་འགྲུལ་ལམ་གྱི་བགྲོད་ལམ་ཞིག་ཡིན་པས་ཧན་རྒྱལ་རབས་ཀྱིས་ཆཱང་ཀྲུང་ལམ་ཞེས་འབོད་པ་དང་། དེ་ནས་ཝེ་ཅིན་དུས་སུ་འ་ཞའི་ལམ། དེའི་རྗེས་ཐང་བོད་གནའ་ལམ་ཞེས་ནས་འབོད་པ་སོགས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ལས་ཀན་ལྷོ་བོད་ཁུལ་ཀྱི་རྫོངས་སྟུག་པོའི་རིག་གནས་རིམ་གྱིས་བྱུང་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10