མཚོ་སྔོན་ཞིང་ཆེན་གྱིས་རྫོང37ལ་ཞིང་སྡེའི་སྐོར་སྐྱོད་སྨན་བཅོས་རླངས་འཁོར་དང་མྱུར་སྐྱོབ་སྨན་བཅོས་རླངས་འཁོར་བྱིན་པ།

ཞའོ་ཡན།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-03-28

ཟླ3པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་མྱུར་སྐྱོབ་མ་ལག་འཛུགས་སྐྲུན་དང་སྐོར་སྐྱོད་སྨན་བཅོས་རླངས་འཁོར་བཀོད་སྒྲིག་ལས་གཞིའི་རླངས་འཁོར་སྟེར་བའི་མཛད་སྒོ་ཟི་ལིང་ནས་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཁྲུན་ཡོ་དང་ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི འཕྲོད་བསྟེན་པུའུ་ནད་རིགས་ཚོད་འཛིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བང་པིན། ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་འཕྲོད་བསྟེན་ཐིན་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་མཛད་སྒོར་ཞུགས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཕྱོགས་ཀྱི་རྫོང་སོ་བདུན་གྱི་གཞི་རིམ་སྨན་བཅོས་ལས་ཁུངས་ལ་རླངས་འཁོར་དང་སྒྲིག་ཆས་བྱིན།

    ཤེས་པ་ལྟར་ན། ཐེངས་འདིར་གཞི་རིམ་སྨན་བཅོས་ལས་ཁུངས་ལ་བཀོད་སྒྲིག་བྱས་པའི་རྫོང་རིམ་པའི་ཞིང་སྡེའི་སྐོར་སྐྱོད་སྨན་བཅོས་རླངས་འཁོར་སོ་གསུམ་དང་མྱུར་སྐྱོབ་སྨན་བཅོས་རླངས་འཁོར་སོ་དྲུག འབྲེལ་ཡོད་སྨན་བཅོས་སྒྲིག་ཆས་བཅས་ནི་ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་བརྒྱད་བཏང་སྟེ། ཞིང་ཆེན་སྲིད་གཞུང་ཉོ་བསྡུ་ལྟེ་གནས་ཀྱིས་གཅིག་སྡུད་སྒོས་ཉོ་བསྡུ་དང་གཅིག་གྱུར་སྒོས་བཀོད་སྒྲིག་བྱས་པ་རེད། སྒྲིག་ཆས་དེ་དག་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཕྱོགས་ཀྱི་རྫོང་སོ་བདུན་གྱི་ཞིང་སྡེའི་སྐོར་སྐྱོད་འཕྲོད་བསྟེན་ཞབས་ཞུ་དང་མྱུར་སྐྱོབ་ལྟེ་གནས་སྨན་ཁང་གི་མྱུར་སྐྱོབ་སྨན་བཅོས་ཐད་ལ་བཀོལ་སྤྱོད་བྱེད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱིས་རྫོང37ལ་ཞིང་སྡེའི་སྐོར་སྐྱོད་སྨན་བཅོས་རླངས་འཁོར་དང་མྱུར་སྐྱོབ་སྨན་བཅོས་རླངས་འཁ

   མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཁྲུན་ཡོ་དང་ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི འཕྲོད་བསྟེན་པུའུ་ནད་རིགས་ཚོད་འཛིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བང་པིན། ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་འཕྲོད་བསྟེན་ཐིན་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་མཛད་སྒོར་ཞུགས་པ །

མཚོ་སྔོན་ཞིང་ཆེན་གྱིས་རྫོང37ལ་ཞིང་སྡེའི་སྐོར་སྐྱོད་སྨན་བཅོས་རླངས་འཁོར་དང་མྱུར་སྐྱོབ་སྨན་བཅོས་རླངས་འཁ

གཞི་རིམ་སྨན་བཅོས་ལས་ཁུངས་སོ་སོའི་འཐུས་མིས་ཞིང་ཆེན་གྱི་མགོ་ཁྲིད་ལག་ནས་རླངས་འཁོར་གྱི་ལྡེ་མིག་བླངས་པ།

མཚོ་སྔོན་ཞིང་ཆེན་གྱིས་རྫོང37ལ་ཞིང་སྡེའི་སྐོར་སྐྱོད་སྨན་བཅོས་རླངས་འཁོར་དང་མྱུར་སྐྱོབ་སྨན་བཅོས་རླངས་འཁ

རླངས་འཁོར་གསར་བར་ཞིབ་བཤེར་ནན་མོ་བྱས་པ།

མཚོ་སྔོན་ཞིང་ཆེན་གྱིས་རྫོང37ལ་ཞིང་སྡེའི་སྐོར་སྐྱོད་སྨན་བཅོས་རླངས་འཁོར་དང་མྱུར་སྐྱོབ་སྨན་བཅོས་རླངས་འཁ

   གཞི་རིམ་སྨན་བཅོས་ལས་ཁུངས་ལ་བྱིན་པའི་སྐོར་སྐྱོད་སྨན་བཅོས་རླངས་འཁོར་དང་མྱུར་སྐྱོབ་སྨན་བཅོས་རླངས་འཁོར་དྲུག་ཅུ་ལྷག་རོང་འབྲོག་ཕྱོགས་སུ་སྐྱོད་པའི་ལམ་ལ་ཆས་པ།    །

 
  • ལེ་ཚན་སྔོན་མ།:“གཅན་ཚའི་མདའ་རྩེད”རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་སྡུར་འཆར་འགོད་ནང་ཚུད་པ།
  • ལེ་ཚན་རྗེས་མ།:ཀན་ལྷོ་ཁུལ་དུ་སྒུལ་མི་རུང་བའི་རིག་དངོས499རྙེད་པ།
  • དོ་སྣང་ཆེ་བའི་རྩོམ།