ཚེ་རིང་སྒྲོལ་མ། ཀྲུང་གོ་བོད་ཀྱི་དྲ་བ། 2012-03-28
ཉེ་ལམ། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་དུ་ཡོད་པའི་བླ་བྲང་དགོན་པ་ཞིག་གསོ་བྱེད་པའི་བཟོ་སྐྲུན་དེ་ད་ལོའི་ཟླ་བདུན་པའི་ཟླ་མཇུག་ནས་ལས་མགོ་རྩོམ་རྒྱུ་རེད་ཟེར། བླ་བྲང་དགོན་པའི་འཛུགས་སྐྲུན་གཞི་རྒྱ་ཆེ་ལ། གནའ་དཔེ་ཉར་ཚགས་བྱས་པ་ཆེས་མང་ཞིང་། ནང་བསྟན་ཆོས་ལུགས་ཀྱི་གནས་མཆོག་ཏུ་གྱུར་བ་ཞིག་ཡིན་པས་འཛམ་གླིང་གི་ས་ཆ་ཀུན་ཏུ་མཚན་སྙན་རྒྱས། ཡིན་ནའང་། ལོ་ངོ་དུ་མའི་རིང་གི་ཁ་ཆར་བུ་ཡུག་ཁྲོད་བླ་བྲང་དགོན་པའི་ཁང་བ་ཁ་ཤས་བརྡིབས་པ་དང་། ཀ་གདུང་ཁ་ཤས་རུལ་ཡོད་པ། ཆུ་ཕྱིར་འདོན་ཐུབ་ཀྱིན་མེད་པ། ཁང་བའི་ནང་ཐིགས་ཆུ་ཡོང་བ་སོགས་ཀྱི་གནད་དོན་མང་པོ་གནས་ཡོད་པས། ཁང་བ་དང་རིག་དངོས་ལ་གནོད་སྐྱོན་ཐེབས་བཞིན་ཡོད། དེ་བས། བླ་བྲང་དགོན་པའི་འཇམ་དབྱངས་ལྷ་ཁང་དང་། ཞབས་རྟེན་འདུ་ཁང་། བྱམས་ཁང་སོགས་སྲུང་སྐྱོབ་ཞིག་གསོ་བྱེད་པའི་སྔོན་གྱི་བྱ་བ་རྣམས་ད་ལོའི་ཟླ་བདུན་པའི་ཟླ་མཇུག་ལ་ལས་མགོ་རྩོམ་པར་བརྩོན་ལེན་བྱེད་རྒྱུ་རེད།
བསང་ཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཅུའུ་ཀྲང་གཞོན་པ་བསོད་ནམས་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོབ་ཞིག་གསོ་བཟོ་སྐྲུན་ལ་ཞིག་གསོ་བྱེད་ས་ཉི་ཤུ་ཡོད་པ་དང་། དུས་སྐབས་དང་པོའི་བཟོ་སྐྲུན་ལས་མགོ་རྩོམ་པ་དང་། དུས་སྐབས་གཉིས་པའི་བཟོ་སྐྲུན་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་བྱ་བ་ལས་གཞན། ད་ལོར་ད་རུང་ལྷ་ཁང་བརྒྱད་ལ་སྲུང་སྐྱོབ་རང་བཞིན་གྱི་ཞིག་གསོ་བྱེད་པའི་བྱེད་ཐབས་ཡང་ཇུས་འགོད་བྱེད་བཞིན་ཡོད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10