དཔལ་སྐྱིད་མཚོ། ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-03-22
རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚམས་འདྲིར་ཡོང་བའི་ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཨ་མུའུ་ལུའུ་ལ་མཇལ་འཕྲད་གནང་།ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འབྲེལ་བ་གཏིང་ཟབ་པ་དང་། འབྲེལ་བ་བཙུགས་ནས་ལོ་ངོ་ང་དྲུག་གི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་གི་ཉམས་སད་ཐེག་མྱོང་བ་དང་། ཕན་ཚུན་ཡིད་ཆེས་དང་རོགས་སྐྱོར་བྱེད་པའི་གྲོགས་པོ་བཟང་བོར་གྱུར་ཡོད། ཀྲུང་གོའི་ཕྱོགས་ཀྲུང་ཨེ་བར་གྱི་ད་ལྟའི་འབྲེལ་བར་ཡིད་ཚིམས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་ཨེ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། ཨེ་ཅིབ་དང་མཉམ་དུ་ཧུར་བརྩོན་བྱས་ནས། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྐྱེད་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཅིབ་དང་མཉམ་དུ་ཀྲུང་གོའི་བཅོས་བསྒྱུར་དང་འཕེལ་རྒྱས་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། ཀྲུང་གོའི་ཁེ་ལས་ཨེ་ཅིབ་ལ་སོང་ནས་མ་དངུལ་གཏོང་བར་སྐུལ་སློང་བྱས་ནས། སུའུ་དབྱི་ཧྲི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་སློབ་གསོ། ཚན་རིག་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་གཏིང་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་ཨེ་བར་གྱི་འཐབ་ཇུས་མཉམ་ལས་འབྲེལ་བ་མུ་མཐུད་དུ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།ཨ་མུའུ་ལུའུ་ཡིས་ཞི་ཅིན་ཕེན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གདེང་འཇོག་ལ་ཁས་ལེན་བྱས། ཁོས་བཤད་རྒྱུར། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཅིབ་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་མ་ཟད། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཧུར་བརྩོན་བྱས་ནས། ཀྲུང་གོ་དང་ཨེ་ཅིབ་བར་གྱི་འཐབ་ཇུས་འབྲེལ་བ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་འཕེལ་བར་སྐུལ་འདེད་བྱེད་འདོད་ཡོད་ཟེར།ཕྱོགས་གཉིས་ཀྱིས་མཉམ་དུ་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10