ལྷ་སྟག་མཚོ། མཚོ་སྔོན་པོ་དྲ་བ། 2012-03-21
བོད་ལྗོངས་རིག་གནས་ཐིན་གྱིས་ཁག་དང་པོའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྲིད་སྦྱོང་གཞི་གནས་སུམ་ཅུ་ཁྱབ་སྒྲོག་བྱས་ཤིང་། འདི་ནི་བོད་ལྗོངས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ལས་གཞི་གཙོ་བོ་ཞིག་ཡིན།
བོད་ལྗོངས་ཀྱི་ཁག་དང་པོའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྲིད་སྦྱོང་གཞི་གནས་ཁྲོད་བོད་ལྗོངས་གསོ་རིག་སློབ་གླིང་དང་། བོད་ལྗོངས་སློབ་ཆེན། སྟོད་ལུང་བདེ་ཆེན་ཇོ་མོ་ལུང་ཟློས་གར་རུ་ཁག་སོགས་ལས་ཁུངས་སུམ་ཅུ་ཡོད་ལ། བོད་ཀྱི་གནམ་དཔྱད་སྐར་རྩིས་དང་། བོད་ལྗོངས་བྱང་ལུགས་ཀྱི་དངུལ་ཆུ་བཙོ་བཀྲུ་བྱེད་ཐབས། ཐང་ག ལྷ་མོའི་ཟློས་གར། བོད་ཤོག ལྷོ་བའི་གྱོན་ཆས་སོགས་མྱུར་དུ་རྒྱུན་འཛིན་བྱེད་དགོས་པའི་ལས་གཞི་སུམ་ཅུ་ལྷག་འདུས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་སྲིད་གཞུང་གིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་བྱ་བར་ཤུགས་སྣོན་ཆེད་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་བཙུགས་པ་དང་། མདོ་དབུས་མཐོ་སྒང་གི་ལྷ་མོའི་ཟློས་གར་ཞིབ་འཇུག་དང་སྲུང་སྐྱོབ་དང་མངའ་རིས་ཤོལ་བྲོ་སོགས་དཔེ་ཚོགས་དང་འོད་སྡེར་མང་དུ་པར་བསྐྲུན་བྱས། དེར་མ་ཟད་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་བཅུ་ལྷག་རྒྱལ་སྤྱིའི་གཟུགས་འདས་ཤུལ་བཞག་རིག་གནས་དུས་ཆེན་སྟེང་ཞུགས་ནས་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚན་སྙན་ཇེ་རྒྱས་སུ་བཏང་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10