རྒྱལ་ཡོངས་དམངས་སྲིད་གྲོས་ཚོགས་ཐེངས་བཅུ་གསུམ་པ་པེ་ཅིན་དུ་གྲོལ།

གཡང་མོ་སྒྲོལ་མ།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-03-21

ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་ནས་ཉི་ཤུ་ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དམངས་སྲིད་གྲོས་ཚོགས་ཐེངས་བཅུ་གསུམ་པ་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོས་ལེང་ཡུས་ཀྱིས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། དམངས་སྲིད་བྱ་བ་དམངས་ཀྱི་འཚོ་བ་དང་དམངས་སེམས་ལ་འབྲེལ་བ་དང་། ཏང་གི་དམངས་ཕན་སྲིད་ཇུས་དང་སྲིད་གཞུང་གི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་དོ་དམ་འགན་ནུས་མང་ཆེ་ཤོས་ཤིག་དམངས་སྲིད་བརྒྱུད་ནས་བྱེ་བྲག་གིས་ལག་ལེན་བྱེད་པ་དང་གསལ་བོར་མངོན་པ་ཡིན། ང་ཚོས་མི་གཙོ་བོར་འཛིན་པ་རྒྱུན་འཛིན་དང་། ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང། འཕེལ་རྒྱས་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ཕན་ནུས་མཐོ་རུ་གཏོང་བ། དམངས་ཀྱི་འཚོ་བ་ཇེ་ལེགས་དང་དམངས་སེམས་ཇེ་སྐྱིད། དམངས་ཀྱི་སེམས་ཁྲེལ་མེད་པར་བཟོ་བ་སོགས་ཀྱི་ལས་དོན་ལེགས་པོར་སྒྲུབ་པ། མང་ཚོགས་ཀྱི་ཁེ་ཕན་ལ་རགས་ལས་པའི་གནད་དོན་གཙོ་བོ་དག་ནན་ཏན་སྒོས་ཐག་བཅད་ནས་འབྱོར་འབྲིང་སྤྱི་ཚོགས་་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས་ཟེར།

གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་སྲིད་སྡེ་ཁག་སོ་སོའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་བསྟོད་བསྔགས་བྱས།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་མི་ཚང་མས་སྤྱི་ཚོགས་འགན་སྲུང་ལོངས་སྤྱོད་ཐུབ
  • ལེ་ཚན་རྗེས་མ།:ཀན་ལྷོའི་བོད་ཁུལ་གྱི་གཟུགས་འདས་རིག་གནས་ཀྱི་ཤུལ་རྫས་ལ་སྲུང་སྐྱོབ་ཐོབ
  • དོ་སྣང་ཆེ་བའི་རྩོམ།