བོད་ལྗོངས་ཀྱི་མི་ཚང་མས་སྤྱི་ཚོགས་འགན་སྲུང་ལོངས་སྤྱོད་ཐུབ

    ཀྲུང་གོའི་བོད་ལྗོངས་དྲ་བ།    2012-03-21

བོད་ལྗོངས་ལྷ་སའི་བྱང་ཕྱོགས་སུ་གནས་པའི་སེ་ར་དགོན་པ་ནི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་ཞིང་། བོད་ཀྱི་ས་ཁུལ་འདྲ་མིན་ནས་ཡོང་བའི་དགེ་འདུན་པ400ལྷག་གནས་དེར་ཐོས་བསམ་སློབ་གཉེར་བྱ་བཞིན་ཡོད། ཐེམ་ཐོ་ཁ་ཐོར་ཡིན་པའི་རྐྱེན་གྱིས་སེ་ར་དགོན་པའི་དགེ་འདུན་པ་ཚོ་སྨན་བཅོས་འགན་བཅོལ་ནང་ཞུགས་མི་ཐུབ་སྟབས་ན་ཚ་བལྟ་རྒྱུའི་ཐད་དཀའ་ངལ་ཆེན་པོ་ཡོད་པ་རེད།

སྤྱི་ལོ2011ལོར་བོད་རང་སྐྱོང་ལྗོངས་ཀྱིས《དགོན་སྡེའི་གྲྭ་བཙུན་སྤྱི་ཚོགས་འགན་བཅོལ་ནང་ཞུགས་རྒྱུའི་གནས་སྐབས་བྱ་ཐབས》ཞེས་པ་བཏོན་ནས་ཐེམ་ཐོ་གང་ཡིན་ལ་མ་བལྟོས་པར་ལོ་ན18ལ་སོན་པ་ཡན་གྱི་གྲྭ་བཙུན་ཚང་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་སྤྱི་ཚོགས་རྒན་གསོ་འགན་བཅོལ་ནང་བཅུག་ཡོད་པ་རེད།

འདི་ལོ་ཚུན་དུ་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་བཅོལ་མ་ལག་འཛུགས་སྐྲུན་ཐད་འགག་སྒྲོལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་ཅིང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས། སྤྱི་ལོ2011ལོར་བོད་ཀྱིས་སྤྱི་ཚོགས་འགན་བཅོལ་ལས་ཞུགས་ཐད་སྒོར་དུང་ཕྱུར47བཏང་བ་དེ་དུས་མཚུངས་པ་དང་བསྡུར་ན40%ཡན་འཕར་ཡོད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བརྟེན་ལ་ད་ལྟ་ཟླ་རེར་སྒོར400རེ་ཡོད་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བརྟེན་ལ་ཟླ་རེར་སྒོར1600ཡོད་པ་དེ་བཞིན་འགན་ལེན་ལྔའི་ཐེམ་དུད་ཀྱི་གསོ་བརྟེན་ཚད་གཞི་ཟླ་རེར་སྒོར2400བཅས་ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་དེ་རྒྱལ་ཡོངས་ཀྱི་སྔོན་ལ་མངོན་འགྱུར་བྱུང་ཡོད་པ་དང་། ད་ལྟའི་ཆར་ས་བརྟན་དང་། ཚད་གཞི་མཐོ་རུ་གཏོང་བའི་སྒང་ཡིན་ཞེས་གསུངས།  །

  • ལེ་ཚན་སྔོན་མ།:ལིས་ཁྲང་ཁྲོན་གྱིས་ཀྲུང་གོའི་འགུལ་རིས་ཐོན་ལས་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་དམངས་སྲིད་གྲོས་ཚོགས་ཐེངས་བཅུ་གསུམ་པ་པེ་ཅིན་དུ་གྲོལ།
  • དོ་སྣང་ཆེ་བའི་རྩོམ།