ལིས་ཁྲང་ཁྲོན་གྱིས་ཀྲུང་གོའི་འགུལ་རིས་ཐོན་ལས་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-03-21

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་ལིས་ཁྲང་ཁྲོན་ཚེས16ཉིན་གྱི་ཕྱི་དྲོར་ཀྲུང་གོའི་རྒྱལ་ཁབ་རྟེན་མཛོད་ཁང་དུ་ཕེབས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་རྗེས་ཀྱི་ཀྲུང་གོའི་འགུལ་རིས་ཐོན་ལས་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་ལིས་ཁྲང་ཁྲོན་ཚེས16ཉིན་གྱི་ཕྱི་དྲོར་ཀྲུང་གོའི་རྒྱལ་ཁབ་རྟེན་མཛོད་ཁང་དུ་ཕེབས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་རྗེས་ཀྱི་ཀྲུང་གོའི་འགུལ་རིས་ཐོན་ལས་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།

  ལིས་ཁྲང་ཁྲོན་གྱིས་སྐབས་དང་པོའི་འགུལ་རིས་བྱ་དགའ་ཐོབ་པའི་བརྩམས་ཆོས་དང་། ལག་ཁྱེར་ཁ་པར་དང་དྲ་ཐོག་ནས་འགུལ་རིས་གསར་རྩོམ་གསལ་སྟོན་བྱས་པར་ཞིབ་གཟིགས་གནང་ཞིང་། འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་ཀྱི་འཐུས་མི་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་པ་རྣམས་དང་མཉམ་དུ་ཉམས་མྱོང་བརྗེ་རེས་གནང་བ་དང་། ཉེ་བའི་ལོ་འགའི་རིང་ལ་འགུལ་རིས་ཐོན་ལས་གསར་རྩོམ་དང་འཕེལ་རྒྱས་ཐད་ནས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། འགུལ་རིས་ཐོན་ལས་འཕེལ་རྒྱས་སུ་སོང་བར་གཟེངས་བསྟོད་མཛད། ལིས་ཁྲང་ཁྲོན་གྱིས་གསུངས་རྒྱུར། འགུལ་རིས་ཐོན་ལས་ཕྱོགས་སུ་བཏང་བ་ནི་རིག་སྟོབས་ཀྱི་ཐོན་ཁུངས་ཡིན་པ་དང་ཐོན་སྐྱེད་བྱས་པ་ནི་ཤེས་བྱའི་ཐོན་དབང་ཡིན་ལ། དེ་ལས་རིག་གནས་དང་ཚན་རྩལ་མཉམ་བསྲེས་བྱས་པའི་སྟོབས་ཤུགས་མཚོན་པར་བྱས་པ་དང་། རིག་གནས་ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྱུར་བྱེད་པ་དང་འཛད་སྤྱོད་རྒྱ་སྐྱེད་པ། ལས་ཞུགས་ཇེ་མང་དུ་གཏོང་བ། རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། མཆོང་སྐྱོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འབུར་ཐོན་ཁྱད་ཆོས་དང་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་མཚོན་པར་བྱས་ཡོད་པ་དང་། རིག་གནས་ཐོན་ལས་ཁྲོད་དུ་འཕེལ་རྒྱས་སུ་འགྲོ་བའི་ཐོན་ལས་གསར་བ་ཞིག་ཡིན་པར་མ་ཟད། སྔོན་ཐོན་རིག་གནས་རྒྱུད་སྒྲོག་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ། ན་གཞོན་ལོ་ཆུང་བདེ་བླག་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་གྱི་འཕར་ཚད་གསར་བ་གསོ་སྦྱོང་བྱེད་པ་སོགས་ཀྱི་ཕྱོགས་སུ་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་ནུས་པ་གལ་ཆེན་འདོན་པ་དང་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་ཟེར།

  ལིས་ཁྲང་ཁྲོན་གྱིས་གསུངས་རྒྱུར། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་རིག་གནས་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་རང་རྒྱལ་གྱི་རིག་གནས་འཛུགས་སྐྲུན་དེ་གོ་སྐབས་ཧ་ཅང་བཟང་བའི་དུས་སྐབས་སུ་བསླེབས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། བཅོས་སྒྱུར་གསར་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་འགུལ་རིས་ཐོན་ལས་དར་རྒྱས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་སྔོག་འདོན་བྱས་ཏེ། རྙིང་འབུད་གསར་འདོན་དང་མ་རྩོམ་ལ་སྐུལ་སློང་བྱས་ནས་བསམ་བློ་རང་བཞིན་དང་སྒྱུ་རྩལ་རང་བཞིན། ལྟད་མོ་རང་བཞིན་བཅས་གཅིག་གྱུར་ཡིན་པ་དང་། མི་དམངས་ཀྱིས་དགའ་བསུ་བྱེད་པའི་ཕུལ་བྱུང་བརྩམས་ཆོས་སྐོར་ཞིག་གསར་རྩོམ་བྱས་ནས། མི་དམངས་མང་ཚོགས་དང་ལྷག་པར་དུ་རྒྱ་ཆེའི་ན་གཞོན་ལོ་ཆུང་རྣམས་ཀྱི་བསམ་པའི་རིག་གནས་དགོས་མཁོ་ཡོངས་སུ་སྐོང་དགོས། ཁེ་ལས་གཙོ་བོ་ཡིན་ཞིང་ཚོང་ར་ཁ་ཕྱོགས་སུ་འཛིན་པ་དང་ཐོན་ལས་དང་ཚན་རྩལ། ཞིབ་འཇུག་བཅས་ཟུང་དུ་འབྲེལ་བའི་ལག་རྩལ་གསར་སྐྲུན་མ་ལག་མྱུར་དུ་ཆགས་པར་བྱེད་པ་དང་། ཤུགས་ཆེན་པོས་རིག་གནས་དང་ཚན་རྩལ་མཉམ་བསྲེས་བྱེད་པར་སྐུལ་འདེད་བཏང་ནས། གསོན་ཤུགས་ལྡན་ཞིང་འགྲན་རྩོད་ཀྱི་ནུས་པ་ཡོད་པའི་རང་བདག་གསར་སྐྲུན་ཁེ་ལས་སྐོར་ཞིག་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད་མུ་མཐུད་དུ་རང་རྒྱལ་གྱི་འགུལ་རིས་ཐོན་ལས་སྲོག་ཤིང་ཡིན་པའི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་དགོས། འགུལ་རིས་ཐོན་ལས་ཀྱིས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། སྒྱུ་རྩལ་ལ་མཁས་ཤིང་ལག་རྩལ་ཡོད་པ་དང་གསར་རྩོམ་ལ་དགའ་ཞིང་བདག་གཉེར་ལ་མཁས་པའི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་ཞིག་ནང་འདྲེན་བྱས་ནས། འགུལ་རིས་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་ཤེས་ལྡན་མི་སྣ་འདོན་སྤྲོད་བྱེད་དགོས། རང་རྒྱལ་གྱི་འགུལ་རིས་ཐོན་རྫས་འཕེལ་རྒྱས་སུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། རང་རྒྱལ་ལ་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པའི་ཁྱད་སྟོབས་དེ་རིག་གནས་ཐོན་ལས་ཀྱི་ཁྱད་སྟོབས་སུ་སྒྱུར་བ་དང་མུ་མཐུད་དུ་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ཚད་ཇེ་ཆེར་བཏང་ནས། ཀྲུང་ཧྭ་རིག་གནས་ཀྱི་འཕེལ་ཕྱོགས་དེ་ཀུན་གྱི་མདུན་གྲས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས་ཟེར།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཡུན་ཧྲན་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲིན་ཀྲི་ལིས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སུང་ཅ་ཀྲིན་བཅས་ཀྱིས་ལིས་ཁྲང་ཁྲོན་དང་མཉམ་དུ་འགྲེམ་སྟོན་ལ་བལྟས།

  ཐེངས་འདིའི་འགྲེམ་སྟོན་ནི་རིག་གནས་པུའུ་དང་ནོར་སྲིད་པུའུ་སོགས་པུའུ་ཨུ་བཅུ་ཡིས་གྲུབ་པའི་འགུལ་རིས་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་པུའུ་བར་གྱི་མཉམ་འབྲེལ་གྲོས་ཚོགས་གཞུང་སྒྲུབ་ཁང་གིས་གཙོ་བསྒྲུབས་བྱས་པ་དང་། འགྲེམ་སྟོན་ཁང་དུ་སྲིད་ཇུས་དང་རོགས་སྐྱོར། འགྲེམ་སྟོན་བྱེད་ས་དང་ཁེ་ལས། ཐོན་རྫས་གྲགས་ཅན་དང་ཐོན་ལས། ལག་རྩལ་དང་མ་འོངས་བ་བཅས་འགྲེམ་སྟོན་བྱེད་ས་བཞི་རུ་བགར་ཡོད་པ་དང་། ཡི་གེ་དང་པར་རིས། དཔེ་རིས། དངོས་རྫས། སྨྱན་བྱད་ལག་རྩལ་སོགས་ཀྱི་རྣམ་པ་ལ་བརྟེན་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་རྗེས་ཀྱི་ཀྲུང་གོའི་འགུལ་རིས་ཐོན་ལས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱས།  །

 
  • ལེ་ཚན་སྔོན་མ།:ལས་དོན་ཨུ་ལྷན་དྲུག་གིས་བརྡ་ཐོ་བཏང་ནས་རང་བྱུང་ལ་གཅེས་སྤྲས་དང་འོས་འགན་ཤིང་འཛུགས་བྱེད་དགོས་པའི་བླང་བྱ་བ
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་མི་ཚང་མས་སྤྱི་ཚོགས་འགན་སྲུང་ལོངས་སྤྱོད་ཐུབ
  • དོ་སྣང་ཆེ་བའི་རྩོམ།