བོད་ལྗོངས་ལྡེབས་རིས་རིག་དངོས་སྲུང་སྐྱོབ་ཞིག་གསོའི་ཟབ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-03-19

བོད་ལྗོངས་ལྡེབས་རིས་རིག་དངོས་སྲུང་སྐྱོབ་ཞིག་གསོའི་ཟབ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ།
བོད་ལྗོངས་ལྡེབས་རིས་རིག་དངོས་སྲུང་སྐྱོབ་ཞིག་གསོའི་ཟབ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་བསྡུ་བ།
 

 ཟླ3པའི་ཚེས15ཉིན2012ལོའི་བོད་ལྗོངས་ལྡེབས་རིས་རིག་དངོས་སྲུང་སྐྱོབ་ཞིག་གསོའི་ལག་རྩལ་མི་སྣའི་ཟབ་སྦྱོང་འཛིན་གྲྭ་སློབ་འགོ་བརྩམས་པའི་མཛད་སྒོ་པེ་ཅིང་དུ་བསྡུས་པ་རེད། མཛད་སྒོའི་སྟེང་རིག་གནས་པུའི་པུའུ་ཀྲང་གཞོན་པའམ་རྒྱལ་ཁབ་རིག་དངོས་ཅུའི་ཅུའུ་ཀྲང་ལཱེ་ཞོ་ཇེས་དེང་སྐབས་ཤུལ་བཞག་རིག་གནས་ལས་དོན་གོང་སྤེལ་གྱི་བཀག་རྒྱའི་ཁྲོད་མི་སྣ་འཇོན་ཐང་ཅན་དཀོན་པ་ནི་འགལ་རྐྱེན་གཙོ་བོ་ཞིག་ཏུ་མངོན་པས་མི་སྣ་འཇོན་ཐང་སྐྱེད་སྲིང་བྱེད་པ་གནད་འགག་ཏུ་འཛིན་དགོས་ཞེས་ནན་གྱིས་བསྟན་པ་རེད།
བོད་ལྗོངས་ཀྱིས་རིག་དངོས་སྲུང་སྐྱོབ་ཞིག་གསོའི་བྱ་བ་རབས་དང་རིམ་པ་སྤེལ་བར་མ་ཟད། ཆེད་ལས་མི་སྣ་འཇོན་ཐང་ཅན་ངེས་པར་དུ་སྐྱེད་སྲིང་བྱེད་དགོས་པས། རྒྱལ་ཁབ་རིག་དངོས་ཅུས་སྐུལ་སྤེལ་འོག་ཀྲུང་གོའི་ཤུལ་བཞག་རིག་གནས་ཞིབ་འཇུག་གླིང་དང་ཨ་རིའི་ཁཱེ་ཡེ་ཐེབས་རྩ་ཚོགས་པ་གཉིས་ཀྱིས་ལོ་ལྔའི་མཉམ་འབྲེལ་ཟིན་ཐོ་བཀོད་ནས་གཙོ་བོ་བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཞིག་གསོའི་ཆེད་ལས་ལག་རྩལ་པ་སྐྱེད་སྲིང་བྱེད་རྒྱུ་རེད།
  ལཱེ་ཞོ་ཇེས་བཤད་རྒྱུར། ཟབ་སྦྱོང་ཁྲོད་ཞུགས་པའི་སློབ་མ་རྣམས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་ཕ་ཡུལ་ལ་དགའ་བ་དང་ཤུལ་བཞག་རིག་གནས་ལ་བཀུར་བའི་ལྷག་བསམ་ཞིག་བཅངས་དགོས་ཤིང་། ཟབ་སྦྱོང་ཁྲོད་ཐོབ་པའི་ཤེས་བྱ་ལ་བརྟེན་ནས་བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཀྱི་ལག་རྩལ་ཆུ་ཚད་མཐོར་འདེགས་བྱེད་པར་མ་ཟད། སྐྱེ་སྟོབས་ཀྱི་དཔལ་འབར་བའི་དཔུང་སྡེ་ཆེན་པོ་ཞིག་ཏུ་འགྱུར་དགོས་ཞེས་བརྗོད་པ་རེད།              བོད་ལྗོངས་ལྡེབས་རིས་རིག་དངོས་སྲུང་སྐྱོབ་ཞིག་གསོའི་ལག་རྩལ་མི་སྣའི་ཟབ་སྦྱོང་འཛིན་གྲྭ་ནི་ཀྲུང་གོའི་ཤུལ་བཞག་རིག་གནས་ཞིབ་འཇུག་གླིང་གིས་ལག་རྩལ་ཟབ་སྦྱོང་བྱ་བ་སྤེལ་བའི་ཚུན་གྱི་ཟབ་སྦྱོང་དམིགས་བསལ་ཅན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་མཐོང་ཆེན་དང་། རྒྱབ་སྤྱིའི་རྒྱབ་སྐྱོར། ས་གནས་གཞོགས་འདེགས་བཅས་གཅིག་ཏུ་འདུས་པའི་རྒྱལ་སྤྱིའི་མཉམ་འབྲེལ་དང་། མི་རིགས། ཆོས་ལུགས། སློབ་ཁྲིད། བཟོ་གྲྭ་སོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་ཡིན། ཟབ་སྦྱོང་ལ་ཞུགས་པའི་སློབ་མ16ཡོངས་བོད་ལྗོངས་རིག་དངོས་ཅུའི་ཐད་གཏོགས་རིག་དངོས་སྲུང་སྐྱོབ་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་ནས་ཡོང་བ་ཡིན་ལ། དེའི་ཁྲོད་སློབ་མ15བོད་རིགས་ཡིན་པ་རེད།

  • ལེ་ཚན་སྔོན་མ།:ཤིང་འཛུགས་ནགས་བཟོ་ཡིས་མཐོ་སྒོང་སྔོ་ལྗང་དུ་གྱུར།
  • ལེ་ཚན་རྗེས་མ།:གནའ་བོའི་བོན་གྱི་ཡི་གེ་རིག་མཛོད་ཞེས་པའི་དཔེ་ཚོགས་པར་བསྐྲུན་བྱས།
  • དོ་སྣང་ཆེ་བའི་རྩོམ།