2012-03-19
2012ལོར། བོད་ལྗོངས་རང་སྐྱོང་ཁུལ་གྱིས་ཤུགས་ཆེན་པོས་ཤིང་འཛུགས་ནགས་བཟོའི་ལས་ཀ་སྤེལ་བར་ཤུགས་སྣོན་བརྒྱབ་སྟེ་ལོ་ཧྲིལ་པོ་ནགས་ཚལ་མུའུ་ཁྲི101.8བཟོ་རྒྱུའི་འཆར་གཞི་བཞག་ཡོད་ཅིང་། ནགས་ལས་རྣམ་གྲངས་ཐད་ཀྱི་མ་དངུལ་སྒོར་དུང་ཕྱུར15བརྩོན་ལེན་བྱས་ཏེ་ཞིང་འབྲོག་པའི་ཡོང་འབབ་སྒོར་དུང་ཕྱུར9འཕར་སྣོན་གཏོང་རྒྱུ་དང་། ནགས་ལས་ཀྱི་ཐོན་རྫས་སྒོར་དུང་ཕྱུར11མངོན་འགྱུར་ཡོང་གང་ཐུབ་བྱ་རྒྱུ། རྒྱུན་ཆད་མེད་པར་ནགས་ཚལ་གྱི་ཁེབས་ཚད་དང་ནགས་ལས་ཀྱི་ཕྱོགས་བསྡུས་ཕན་ནུས་མཐོ་རུ་བཏང་ནས་སྐྱེ་ཁམས་ཀྱི་བོད་ལྗོངས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་རྒྱུ་རེད། འདི་ནི་བོད་ལྗོངས་སྟག་རིང་རྫོང་བྲག་དཀར་ཞོལ་གྲོང་ཚོའི་གྲོང་མིས་ཤིང་སྡོང་འཛུགས་ཚུལ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10