ལྷ་ས་གྲོང་ཁྱེར་ལ་“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར”གྱི་མཚན་སྙན་ཐེངས་དྲུག་པ་ཐོབ་པ།
མི་དམངས་ཉིན་རེའི་ཚགས་པར། 2012-03-19
ཚེས16ཉིན་ལྷ་ས་གྲོང་ཁྱེར་གྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་འཁྲུག་ཆ་དོད་པོར་གྱུར་བ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱིས་ལྷ་སར་བཅའ་སྡོད་དཔོན་དམག་དང་གླུ་ལེན་གར་འཁྲབ་བྱས་ནས་ལྷ་ས་གྲོང་ཁྱེར་ལ་གཟི་བརྗིད་ངང་ རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར”གྱི་མཚན་སྙན་ཐེངས་དྲུག་པ་ཐོབ་པར་ཐུན་མོང་ཐོག་རྟེན་འབྲེལ་ཞུ་ཡི་ཡོད་པ་རེད།
ཉིན་དེ་རང་དུ་ལྷ་ས་གྲོང་ཁྱེར་གྱི་བཅའ་སྡོད་དམག་གི་དཔོན་དམག་ཚོས་ད་དུང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མི་རིགས་ཁག་གི་མང་ཚོགས་ལ་སྨན་ཡོན་མི་དགོས་པའི་སྨན་བཅོས་དང་།ཁྱིམ་སྤྱོད་གློག་ཆས་ཉམས་གསོ།བཅའ་ཁྲིམས་སྒྲོག་འགྲེལ་སོགས་བྱས་པ་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ད་དུང་དམག་ཉེན་དམངས་བཅས་ཀྱི་གཉིས་བཀུར་མཉམ་གཏོད་བྱེད་སྒོའི་འགྲེམ་སྟོན་ཡང་བྱས་པ་རེད།ངོ་སྤྲོད་བྱས་པར་གཞིགས་ན།1996ལོར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གཏོད་རྒྱུའི་བརྩོན་ལེན་བྱེད་འགོ་ཚུགས་པ་དང་འབྲེལ1997ལོར རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར”གྱི་མཚན་སྙན་ཐེངས་དང་པོ་ཐོབ་པ་རེད།