ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དྲུག་པས་འཕྲོད་བསྟེན་བོད་སྐྱོར་སྨན་བཅོས་རུ་ཁག་བཙུགས།
ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲྭ་ཚུགས། 2012-03-19
ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་དུ་སྨན་པ་ཉུང་ལ་སྨན་དཀོན་པའི་གནས་ཙུལ་དངོས་ལ་གཞིགས་ནས་ཉེ་ཆར་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དྲུག་པས་འཕྲོད་བསྟེན་བོད་སྐྱོར་ལས་བྱེད་པ་དང་སྨན་པ་ལས་གྲུབ་པའི་ཅང་སུའུ་འཕྲོད་བསྟེན་བོད་སྐྱོར་སྨན་བཅོས་རུ་ཁག་བཙུགས་པ་དང་འབྲེལ་ཞིང་འབྲོག་ཁུལ་དུ་སྐོར་སྐྱོད་སྨན་བཅོས་བྱས་པ་རེད།
སྨན་བཅོས་རུ་ཁག་ལ་བོད་སྐྱོར་སྨན་པ་༡༨ཡོད་པ་དེ་དག་ཁོག་ནད་ཚན་ཁག་དང་།ཕྱི་ནད་ཚན་ཁགབུད་མེད་དང་བུ་བཙའི་ཚན་ཁག་བྱིས་ནད་ཚན་ཁག་སོགས་ཆེ་ལས་དང་རིགས་གཅིག་མཁས་ཅན་ལས་གྲུབ་པ་དང་།སྨན་བཅོས་རུ་ཁག་བཙུགས་ཚུན་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་རྟེན་གཞིར་བྱེད་པ་དང་།རྫོང་ཁག་གི་སྨན་ཁང་གཙོ་གནད་དུ་བྱས་ཏེ་ཞིང་འབྲོག་ཁུལ་ལ་ཁྱབ་འགྱེད་ཀྱིས་སྐོར་སྐྱོད་སྨན་བཅོས་དང་།འོས་འགན་སྨན་བཅོས།འཆད་ཁྲིད།གསོ་སྦྱོང་རྩད་ཆོད་དཀའ་བའི་ནད་གཞིར་གྲོས་བསྡུར་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་གྲུབ་འབྲས་ལྡན་པའི་ལས་དོན་འབོར་ཆེན་སྤེལ་བ་དང་།མིག་སྔའི་བར་སྨན་བཅོས་རུ་ཁག་གིས་སྐོར་སྐྱོད་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས་ནད་པ་༤༠༠༠ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་།གཤགས་བཅོས་སྣ་ཚོགས་༡༩༠ལྷག་ཙམ་བྱས་ཏེ་ནད་ཚབས་ལྕི་བའི་ནད་པ་༡༠༥བསྐྱབས་པ།འཆད་ཁྲིད་དང་གསོ་སྦྱོང་ཐེངས་༡༢༥བྱས་ཏེ་གསོ་སྦྱོང་དང་ལེན་བྱེད་མཁན་མི་ཐེངས་༦༠༠༠ཟིན་པ།རྣམ་གྲངས་གསར་པ་༡༣ལག་ལེན་བསྟར་ཡོད།དེ་དང་ཆབས་ཅིག་རྫོང་ཆུས་ཁག་ཏུ་བསྐྱོད་དེ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་ཆེ་རིགས་ཐེངས་༤སྤེལ་ནས་སྨན་རིན་མི་དགོས་པར་སྒོར་ཁྲི༢ལྷག་ཙམ་རི་བའི་སྨན་རྫས་སྤྲད་པ་དང་མིརིགས་ཁག་གི་མང་ཚོགས་མི་ཐེངས་༢༥༠༠ལ་ཞབས་འདེགས་ཞུས་པ་རེད།སླད་ཕྱིན་ཅང་སུའུ་ཡི་འཕྲོད་བསྟེན་བོད་སྐྱོར་སྨན་བཅོས་རུ་ཁག་གིས་རང་འཁྲིའི་ལས་ཀ་ཡག་པོ་བྱེད་པ་དང་སྦྲགས་སྐོར་སྐྱོད་སྨན་བཅོས་དང།འོས་འགན་སྨན་བཅོས།གསོ་སྦྱོང་སོགས་ཀྱི་བྱེད་སྒོ་ཁག་མུ་མཐུད་གཏིང་ཟབ་སྤེལ་ནས་ཞིང་འབྲོག་མང་ཚོགས་སྔར་ལས་མང་བ་ཞིག་ལ་ལེགས་ལ་སྟབས་བདེ་བའི་སྨན་བཅོས་ཞབས་ཞུ་བྱེད་པ་དང་འབྲེལ་ཞབས་ཞུ་ལེགས་པ།སྤུས་ཚད་མཐོ་བ།སྨན་པའི་ཀུན་སྤྱོད་བཟང་བ།མང་ཚོགས་བློ་ཡིད་ཚིམ་པ་བཅས་ཀྱི་འཕྲོད་བསྟེན་བོད་སྐྱོར་སྨན་བཅོས་རུ་ཁག་གཅིག་གཏོད་རྒྱུ་ཡིན་པ་རེད།