ཝུན་ཅ་པའོ་ཡིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་རིགས་དར་རྒྱས་གོང་འཕེལ་གཏོང་དགོས་ཚུལ་བཏོན་ པ།

ཀྲུང་གོའི་བོད་ལྗོངས་དྲ་བ།    དཔལ་མགོན་སྐྱབས་ཀྱིས་བསྒྱུར།    2012-03-16

ཝུན་ཅ་པའོ་ཡིས་ཡང་ནན་བཤད་གནང་དོན།མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཡར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། གསར་འགྱུར་པར་བསྐྲུན་དང་བརྙན་འཕྲིན་རླུང་འཕྲིན། རྩོམ་རིག་སྒྱུ་རྩལ། ཡིག་ཚགས་ལས་རིགས་འཕེལ་རྒྱས་གཏོང་དགོས་ལ།ཤུལ་བཞག་རིག་གནས་སྲུང་སྐྱོབ་ཤུགས་སྣོན་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་རིགས་གོང་འཕེལ་གཏོང་དགོས།དེ་མིན་ད་དུང་རིག་གནས་མ་ལག་བཅོས་བསྒྱུར་གཏིང་ཟབ་གནང་བ་དང།མུ་མཐུད་དུ་ཚོང་གཉེར་རང་བཞིན་གྱི་ལས་ཁུངས་དག་ཁེ་ལས་སྡེ་ཁག་ཏུ་བསྒྱུར་ཅི་ཐུབ་བྱེད་པ་མ་ཟད།ཕྱི་ཕྱོགས་སུ་རྩོལ་བྱུང་རིག་གནས་ཕྱོགས་ཀྱི་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་ནས།ཕན་ཚུན་བར་གྱི་རིག་གནས་ལྟ་སྐུལ་འབྲེལ་བ་ཇེ་བཟང་གཏོང་དགོས།གཞན་ཡང་མང་ཚོགས་ཡོངས་ཀྱི་ལུས་ཁམས་བདེ་ཐང་བཟོ་བའི་བྱ་འགུལ་རྒྱ་ཆེར་སྤེལ་ཏེ།མི་དམངས་མང་ཚོགས་ཀྱི་ལུས་གཟུགས་བདེ་ཐང་དང་།ལུས་རྩལ་ལས་རིགས་དང་ལུས་རྩལ་ཐོན་ལས་ཆ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།ཀྲུང་ཧྭ་རིག་གནས་ནི་ངོ་མཚར་རྨད་དུ་བྱུང་བ་ཞིག་ཡིན་ལ།དེང་དུས་ཀྱི་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་མཁན་ན་ཆུང་ཕོ་མོ་དག་གིས་ངེས་པར་དུ་ཀྲུང་ཧྭ་རིག་གནས་དར་སྤེལ་གཏོང་བའི་ལོ་རྒྱུས་འོས་འགན་ཆེན་མོ་ཕྲག་ཏུ་ལེན་དགོས་ཞེས་གསུངས།
  • ལེ་ཚན་སྔོན་མ།:ཀྲུང་གོའི་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གསར་བའི་ཁྲོད་ནས་མང་ཚོགས་ཁྲི་སྟོང་མང་པོར་ཕན་ཁེ་ཐོ
  • ལེ་ཚན་རྗེས་མ།:ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དྲུག་པས་འཕྲོད་བསྟེན་བོད་སྐྱོར་སྨན་བཅོས་རུ་ཁག་བཙུགས།
  • དོ་སྣང་ཆེ་བའི་རྩོམ།