མཚོ་སྔོན་པོ་དྲ་བ། 2012-03-16
ཉེ་སྔོན་མགོ་ལོག་ཁུལ་གྱི2012ལོའི་སྐབས་དང་པོའི«གླིང་གེ་སར་སྒྲུང»གི་དབྱངས་རྟའམ་རྡུང་ལེན་ཟབ་སྦྱོང་འཛིན་གྲྭ་གྲོལ་བའི་མཛད་སྒོ་མགོ་ལོག་ཁུལ་མང་ཚོགས་སྒྱུ་རྩལ་ཁང་ནས་བསྡུས། ཟབ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ཀྱིས་སྙན་ཞིང་འཇེབས་པའི་འགྱུར་ཁུགས་དང་བསྡེབས་ནས་རྣ་བའི་གསོས་སུ་འགྱུར་བའི་གླུ་གཞས་སྙན་མོ་ཕུལ་ཏེ་སློབ་སྦྱོང་གི་གྲུབ་འབྲས་བརྗོད།
ཐེངས་འདིའི་ཟབ་སྦྱོང་ནི་ཉིན20རིང་དུ་སྤེལ་ཞིང་། སྒ་སྡེ་དང་། རྨ་ཆེན། དར་ལག གཅིག་སྒྲིལ། པད་མ་བཅས་རྫོང་ཁག་ལྔ་ནས་ཡོང་བའི་བོད་རིགས་སློབ་མ31ཟབ་སྦྱོང་ཁྲོད་ཞུགས། ཁོ་ཚོས་གཙོ་བོ“དབྱངས་རྟགས་དང་། རོལ་ཆས་དཀྲོལ་ཐབས། དབྱངས་རྟ”སོགས་རྨང་གཞིའི་ཤེས་བྱ་སྦྱངས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10